གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ རང་ སྐྱོང་ ལྗོངས་ སྲིད་ གྲོས་ སྐབས་ བཅུ་ པའི་ ཚོགས་ འདུ་ ཐེངས་ བཞི་ པས་ ཚང་ འཛོམས་ ཚོགས་ འདུ་ ཐེངས་ གཉིས་ པ་ འཚོགས་ པ།

 
2016-01-29        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཚེས་28ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་བཞི་པས་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཤིང་། འཇིགས་མེད་རྣམ་རྒྱལ་དང་། རྒྱ་མཚོ་གླིང་ཐུབ་བསྟན་གྲགས་པ། ཕུར་བུ་སོགས་ཨུ་ཡོན་11གིས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་དང་། གཞི་རིམ་གྱི་སྤྱི་པའི་འཕྲོད་བསྟེན་འཛུགས་སྐྱོང་ལ་ཤུགས་སྣོན། སྣོད་བཅུད་སྲུང་སྐྱོང་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན། བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་མི་རིགས་ཁག་གི་མང་ཚོགས་ཚོས་སེམས་ཁུར་བྱེད་པའི་གནད་དོན་ལ་དམིགས་ཏེ་གང་བསམ་ལྷུག་གླེང་དང་ཐབས་དང་ཇུས་ཧུར་ཐག་བཏོན་གནང་བ་རེད།

    རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་འགོ་ཁྲིད་མགོན་པོ་བཀྲ་ཤིས་དང་། ལི་སུའུ་ཀྲེ སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། པད་མ་རྣམ་རྒྱལ་སོགས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་པ་དང་འབྲེལ་ཚོགས་ཆེན་གྱི་གཏམ་བཤད་གསན་པ་རེད།

    རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཅིན་ཧྲི་ཤུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་སྐལ་བཟང་ཚེ་རིང་ཚོགས་འདུར་ཕེབས་ཡོད་པ་རེད།

    སྲིད་གྲོས་ཀྱི་ཨུ་ཡོན་ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་འཇིགས་མེད་རྣམ་རྒྱལ་གྱིས་གཏམ་བཤད་གནང་སྐབས་ལྷ་ས་གྲོང་ཁྱེར་གྱི་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ཐད་སྐུལ་འདེད་ཤུགས་ཆེན་གཏོང་བར་ཏང་སྲིད་ཀྱི་འགོ་ཁྲིད་གཙོ་བོའི་འགན་འཁྲི་དོན་འཁྱོལ་བྱེད་དགོས་པ་དང་། གཅིག་གྱུར་གྱི་གྲངས་གཞིའི་སྟེགས་བུ་སྐྲུན་དགོས་པ། དབུལ་པོའི་གཏིང་ཟབ་པའི་གནད་དོན་སྔོན་ལ་ཐག་གཅོད་བྱེད་དགོས་པ། མ་དངུལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ། “གཞན་བརྟེན”དེ“རང་བརྟེན”ལ་འགྱུར་བའི་ནུས་པ་ཆེ་རུ་གཏོང་དགོས་པ། “ཁག་གཅིག་ལྔའི”ལས་དོན་ཡག་པོ་སྒྲུབ་དགོས་པ་བཅས་ཀྱི་གྲོས་འགོ་བཏོན་གནང་བ་རེད།

    སྲིད་གྲོས་ཨུ་ཡོན་བོད་ལྗོངས་ནང་བསྟན་སློབ་གླིང་གི་དགེ་རྒན་ཆེ་མོ་བ་རྒྱ་མཚོ་གླིང་ཐུབ་བསྟན་གྲགས་པས་གཏམ་བཤད་གནང་སྐབས། བོད་བརྒྱུད་ནང་བསྟན་གྱི་བླ་མ་སྐྱེས་ཆེན་ཚོའི“རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་གོང་བཀུར། ཞི་བདེར་རེ་སྨོན”བཅས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་ཡག་པོ་གཏོང་བར་མཐའ་གཅིག་ཏུ་དོ་དམ་དང་ཁྲིམས་ལྟར་དོ་དམ་བྱེད་དགོས་པ་དང་། སྤྲུལ་སྐུའི་ཡང་སྲིད་ལས་དོན་དོ་དམ་ཁྲིམས་ལྟར་ཚད་ལྡན་དུ་གཏོང་དགོས་པ། སྤྲུལ་སྐུའི་གློག་རྡུལ་འཚོལ་བཤེར་མ་ལག་གི་ནུས་པ་འདོན་སྤེལ་བྱེད་དགོས་པ། བློ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་བསྟན་པ་དར་བ་དང་འགྲོ་བ་རིགས་དྲུག་ལ་ཕན་པ་བསྐྲུན་དགོས་པ། སྲོལ་རྒྱུན་རྒྱུན་འཛིན་བྱས་ཏེ་རྒྱལ་གཅེས་ཆོས་གཅེས་བྱེད་དགོས་པ་བཅས་ཀྱི་གྲོས་འགོ་བཏོན་གནང་བ་རེད།

    སྲིད་གྲོས་ཨུ་ཡོན་གཞིས་རྩེ་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་ཕུར་བུས་གཏམ་བཤད་གནང་སྐབས། གཞིས་རྩེ་གྲོང་ཁྱེར་གྱི་ཡུལ་སྐོར་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་གཏོང་བར་སྲིད་གཞུང་གི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་དགོས་པ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཡོང་བ་བྱས་ནས་ཕྱོགས་གཉིས་མཉམ་འགུལ་ཡོང་བ་བྱེད་དགོས་པ། སྤུས་ཚད་མཐོ་བའི་ཞབས་ཞུ་འགན་ལེན་གྱི་མ་ལག་གཏོད་དགོས་པ། ཤེས་ལྡན་མི་སྣར་བརྟེན་ནས་ཡུལ་སྐོར་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ཏེ་ཤེས་ལྡན་མི་སྣའི་འགན་ལེན་བྱེད་དགོས་པ་བཅས་ཀྱི་གྲོས་འགོ་བཏོན་གནང་བ་རེད།

    སྲིད་གྲོས་ཨུ་ཡོན་ལྷོ་བྲག་རྫོང་འཆར་ལྡན་བུ་བཙའ་གཞུང་དོན་ཁང་གི་ཀྲུའུ་རེན་ནོར་བུ་སྒྲོལ་མས་གཏམ་བཤད་གནང་སྐབས། གཞི་རིམ་གྱི་སྤྱི་པའི་འཕྲོད་བསྟེན་འཛུགས་སྐྱོང་ལ་ཤུགས་སྣོན་དང་དམངས་ཡོངས་ཀྱི་ལུས་སེམས་བདེ་ཐང་ལ་སྐུལ་འདེད་གཏོང་བར་གཞི་རིམ་གྱི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཆེད་ལས་མི་སྣ་མང་དུ་གཏོང་དགོས་པ་དང་། མཁོ་ཆོད་སྨན་པའི་གསོ་སྦྱོང་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ད་ཡོད་སྨན་དོན་མི་སྣའི་བྱང་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་པ། ཕྱོགས་གཉིས་རང་འགུལ་གྱི་ཞབས་ཞུའི་མ་ལག་བཙུགས་ཏེ་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས་པ། གཞི་རིམ་ཆེད་ལས་སྤྱི་པའི་འཕྲོད་བསྟེན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་བཅས་ཀྱི་གྲོས་འགོ་བཏོན་གནང་བ་རེད།

    སྲིད་གྲོས་ཨུ་ཡོན་མངའ་རིས་ས་ཁུལ་སྲིད་གྲོས་ཀྱི་དྲུང་ཆེ་གཞོན་པ་བྱམས་པ་དབྱངས་ཅན་གྱིས་གཏམ་བཤད་གནང་སྐབས། སྣོད་བཅུད་སྲུང་སྐྱོང་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པར་སྣོད་བཅུད་སྤྱི་ཕན་གྱི་ནགས་ཚལ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་དམངས་ཡོངས་ཀྱི་ནགས་ཚལ་སྲུང་སྐྱོང་བྱེད་པའི་རང་རྟོགས་འདུ་ཤེས་ཟབ་ཏུ་གཏོང་དགོས་པ་དང་། ནགས་ཚལ་སྣོད་བཅུད་ཕན་འབྲས་ཁ་གསབ་དངུལ་གྱི་ཚད་གཞི་མཐོ་རུ་བཏང་སྟེ་ལུགས་མཐུན་ངང་བགོ་བཤའ་བརྒྱབ་ནས་ནགས་སྲུང་བའི་ལས་ཀའི་ཧུར་བརྩོན་རང་བཞིན་འཕེལ་བ་བྱེད་དགོས་པ། སྲོག་ཆགས་སྲུང་སྐྱོང་གི་ཆེད་ལས་མི་སྣ་བཀོད་སྒྲིག་དང་འབྲེལ་ཡོད་སྒྲིག་ཆས་སྒྲིག་སྦྱོར་ཤུགས་སྣོན་རྒྱག་དགོས་པ། མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་དགོས་པ། འདམ་ར་སྲུང་སྐྱོང་ལས་དོན་གྱི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ་བཅས་ཀྱི་གྲོས་འགོ་བཏོན་གནང་བ་རེད།

    སྲིད་གྲོས་ཨུ་ཡོན་ཉིང་ཁྲི་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་དྲུང་ཆེ་གཞོན་པ་སྤེན་པ་ཚེ་རིང་གིས་གཏམ་བཤད་གནང་སྐབས། ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་གཏོང་བར་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རྩ་འཛུགས་ཀྱི་འགན་ལེན་ནུས་ལྡན་བྱེད་དགོས་པ་དང་། ཞིང་འབྲོག་པའི་རྩ་འཛུགས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཁྲོམ་རར་ཞུགས་པའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས་པ། ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་ཆེད་དོན་མ་དངུལ་གཏོང་དགོས་པ་བཅས་ཀྱི་གྲོས་འགོ་བཏོན་གནང་བ་རེད།

    སྲིད་གྲོས་ཨུ་ཡོན་ལྗོངས་སྲིད་གྲོས་དཔལ་འབྱོར་དང་མི་འབོར་ཐོན་ཁུངས་ཁོར་ཡུག་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཏེ་ཡུང་གིས་གཏམ་བཤད་གནང་སྐབས། བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ད་ཡོད་གནས་ཚུལ་ཁོང་དུ་ཆུད་པ་དང་ཆོས་ཉིད་ལ་སྲུང་བརྩི་ཞུས་ཏེ་གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས་པ་དང་། གཞི་ཁྱོན་འོས་འཚམ་དང་ཁྱད་ཆོས་མངོན་པ་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་འབྲིང་གྲས་དང་ཆུང་གྲས་འཛུགས་སྐྲུན་བྱ་རྒྱུར་དམ་འཛིན་ནན་པོ་བྱེད་དགོས་པ། “ཅན་བཞི”གོམ་པ་མཉམ་འགྲོས་དང་ཕན་ཚུན་སྐུལ་འདེད་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་གཞི་རྩ་བརྟན་དུ་གཏོང་དགོས་པ། ཐོན་ལས་ཀྱིས་འདེགས་སྐྱོར་བྱེད་པ་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ནས་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཐོན་ལས་ཀྱི་སྦྲེལ་ཐག་གཏོད་དགོས་པ། སེམས་ནུས་གཅིག་སྒྲིལ་དང་ས་སྲུང་མཐའ་བརྟན་བྱས་ཏེ་མཐའ་མཚམས་གྲོང་རྡལ་ཆུང་ངུ་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས་པ་བཅས་ཀྱི་གྲོས་འགོ་བཏོན་གནང་བ་རེད།

    སྲིད་གྲོས་ཨུ་ཡོན་སྨར་ཁམས་རྫོང་འཇང་མི་རིགས་ཤང་གི་ཤང་ཀྲང་ཚེ་རིང་དབང་མོས་གཏམ་བཤད་གནང་སྐབས། སྲིད་གྲོས་ཨུ་ཡོན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་ཨུ་ཡོན་གྱི་འགན་ནུས་སྒྲུབ་པའི་ནུས་པ་ཆེ་རུ་གཏོང་དགོས་པ་དང་། ཨུ་ཡོན་འདེམས་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་ཨུ་ཡོན་འདེམས་པའི་ཆ་རྐྱེན་ཁ་གསལ་བཟོས་ནས་ཨུ་ཡོན་འདེམས་པའི་གོ་རིམ་ཚད་ལྡན་དུ་གཏོང་དགོས་པ། ཨུ་ཡོན་འདེམས་པའི་ལམ་སྲོལ་ལེགས་སུ་བཏང་ནས་ཨུ་ཡོན་འདེམས་སྟངས་གསར་གཏོད་བྱེད་དགོས་པ། སྲིད་གྲོས་ཨུ་ཡོན་གྱི་གསོ་སྦྱོང་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་དགོས་པ་བཅས་ཀྱི་གྲོས་འགོ་བཏོན་གནང་བ་རེད།

    སྲིད་གྲོས་ཨུ་ཡོན་སྙེ་མོ་རྫོང་ཤག་རམ་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཕུར་བུ་ཚེ་རིང་གིས་གཏམ་བཤད་གནང་སྐབས། མི་རིགས་མཐུན་སྒྲིལ་ལས་དོན་ལ་ཤུགས་སྣོན་རྒྱག་པའི་ཁྲོད་ཀྱི་ཆོས་ལུགས་ལས་རིགས་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པར་རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་མི་རིགས་་མཐུན་སྒྲིལ་གྱི་མིག་དཔེ་བརྩོན་ལེན་བྱེད་དགོས་པ་དང་། རང་ངོས་ཀྱི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་བཏང་ནས་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་ཞབས་འདེགས་ཞུ་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།

    སྲིད་གྲོས་ཨུ་ཡོན་བོད་ལྗོངས་ཆེས་བྲིན་བོད་སྨན་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལེ་ཅུས་ཧྥང་གིས་གཏམ་བཤད་གནང་སྐབས། རང་ལྗོངས་ཀྱི་བོད་སྨན་སྤུས་ཚད་ཚད་གཞི་མཐོ་རུ་གཏོང་བའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཁ་ཚ་དགོས་གཏུགས་ཤིག་ཡིན་པས། “ཚད་གཞི་གཉིས་དང་ཚད་ལྡན་གཅིག”འཛུགས་སྐྱོང་ལས་དོན་སྤེལ་མགྱོགས་སུ་གཏོང་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།

    སྲིད་གྲོས་ཀྱི་ཨུ་ཡོན་གུང་གཞོན་སྡེ་ཚོགས་ཆབ་མདོ་གྲོང་ཁྱེར་ཨུ་ལྷན་ཏང་ཙུའུ་ཡི་ཧྲུའུ་ཅི་སྐལ་བཟང་སྒྲོལ་མས་གཏམ་བཤད་གནང་སྐབས“ཁམས་པའི་རིག་གནས་ལྟེ་གནས”གཏོད་པའི་ངོས་ནས་ཕྱི་ཕྱོགས་སྤེལ་རེས་ཀྱི་ལས་སྟེགས་འཐུས་ཚང་དུ་གཏོང་དགོས་པ་དང་། བོད་དང་། སི་ཁྲོན། ཡུན་ནན། མཚོ་སྔོན་བཅས“གཙང་གསུམ་རྒྱུག་ཁུལ”ས་ཁོངས་ཀྱི་དཔལ་འབྱོར་རོགས་ལས་དེ་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”ལས་དོན་གྱི་སྤྱིའི་འཆར་འགོད་ནང་འཇུག་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001350566241