གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ ཀྱི་ GDPལོ་ 21རིང་ བསྟུད་ མར་ གྲངས་ གནས་ གཉིས་ འཕར་ རྒྱུ་ རྒྱུན་ འཁྱོངས་ ཐུབ་ པ།

 
2016-01-29        གསར་འགྱུར་འབྱུང་ཁུངས། མི་དམངས་ཉིན་རེའི་ཚགས་པར།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཚེས་27ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2015ལོར་བོད་ཀྱི་ས་ཁུལ་ཡོངས་ཀྱི་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར་1026.39ཟིན་པ་དེ་11%འཕར་བ་དང་ལོ་21རིང་བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པས་དཔལ་འབྱོར་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད།

    སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་སྒོར་དུང་ཕྱུར་1342.16ཟིན་པ་དང་། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་པོ་སིལ་ཚོང་བྱེད་ཚད་བསྡོམས་འབོར་སྒོར་དུང་ཕྱུར་408.08ཟིན་པ། ས་གནས་ནོར་སྲིད་ཀྱི་ཡོང་འབབ་སྒོར་དུང་ཕྱུར་176ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་25457ཟིན་པ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་8244ཟིན་པ་བཅས་ཡིན་པས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་2.5%ནང་ཚུན་དུ་ཚོད་འཛིན་ཐུབ་སྟེ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཐུབ་ཕྱིར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

    བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་གཞུང་ལས་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཀོའུ་ལིང་གིས་འདི་ལོ་ནས་བཟུང་བོད་ཀྱི་དབུལ་སྐྱོར་སྡེ་ཚན་གྱིས་གཞིས་རྩེ་དང་། ཆབ་མདོ། ནག་ཆུ་བཅས་ཀྱི་མི་འབོར་དབུལ་པོས་ལྗོངས་ཡོངས་ཀྱི་མི་འབོར་དབུལ་པོའི་བསྡོམས་འབོར་གྱི་74.39%བཟུང་བའི་ས་ཁུལ་གསུམ་པོ་དབུལ་སྐྱོར་ལས་ཀའི་གཙོ་གནད་དུ་བརྩིས་ནས་རྣམ་གྲངས་དང་། ཐོན་ལས། བདེ་སྡོད། གནས་སྤོ། ལས་ཞུགས།རྩལ་ནུས། བོད་སྐྱོར་དང་དེ་བཞིན་གྲོང་ཚོར་བཅའ་སྡོད་རོགས་སྐྱོར་སོགས་ཀྱི་བྱེད་ཐབས་སྤྱད་ནས་མི་འབོར་དབུལ་པོ་དབུལ་སྒྲོལ་ཡོང་བའི་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་བྱ་རྩིས་ཡོད་ཅེས་བཤད།

མཛའ་འབྲེལ་དྲ་བ།
010020070840000000000000011100001350566471