གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། 2016ལོར་ བོད་ ཀྱིས་ སྒོར་ དུང་ ཕྱུར་ 167བཏང་ ནས་ དམངས་ འཚོའི བྱ་ བ་ དངོས་ བཅུ ཡག་ པོ་ བསྒྲུབ་ རྒྱུ་ ཡིན་ པ།

 
2016-01-29        གསར་འགྱུར་འབྱུང་ཁུངས། མི་དམངས་ཉིན་རེའི་ཚགས་པར།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    “2016ལོར་བོད་ཀྱིས་སྒོར་དུང་ཕྱུར་167བཏང་ནས་དམངས་འཚོའི‘བྱ་བ་དངོས་བཅུ’ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་ཕྱོགས་10ཐད་ཀྱི་དམངས་ཕན་སྲིད་ཇུས་29ཡི་ཚད་གཞི་མཐོ་རུ་གཏོང་རྒྱུ་ཡིན”ཞེས་ཚེས་27ཉིན་གྱི་སྔ་དྲོ་འཚོགས་པའི་བོད་ཀྱི་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་བཞི་པའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་དེ་ལྟར་གསུངས།

    བློ་བཟང་རྒྱལ་མཚན་གྱིས“ལོ་ལྔ་ཚན་བཅུ་གཉིས་པའི”རིང་བརྒྱ་ཆ་བདུན་ཅུ་ཡན་གྱི་ནོར་ཤུགས་དམངས་འཚོའི་ཁྱབ་ཁོངས་ལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་དམངས་འཚོའི“བྱ་བ་དངོས་བཅུ”ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་ལོ་ལྔ་བསྟུད་མར་ཚད་གཞི་རྒྱ་བསྐྱེད་བྱས་ཡོད། ལོ་བཅོ་ལྔའི་རིན་མེད་སློབ་གསོ་དང་། འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་དང་དྭ་ཕྲུག་གཅིག་སྡུད་གསོ་ཉར། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་དོ་སྙོམས་ཡོང་བ་བཅས་སྔོན་ལ་བསྒྲུབས་པས་བོད་ཀྱི་དམངས་འཚོའི་བྱ་གཞག་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་ཡོད། 2016ལོར་སློབ་གསོའི“འགན་ལེན་གསུམ”གྱི་འགྲོ་གྲོན་དེ་ལོར་སློབ་ཕྲུག་རེར་སྤྲོད་པའི་ཚད་གཞི་སྒོར་240དང་། ཤང་དང་གྲོང་རྡལ་གྱི་དགེ་རྒན་དང་སྨན་དོན་མི་སྣའི་འཚོ་བའི་ཁ་གསབ་རོགས་དངུལ་ཟླ་རེར་མི་རེར་སྒོར་200རེ་མཐོ་རུ་གཏོང་རྒྱུ་དང་། གྲོང་གསེབ་ཀྱི་འགན་ལེན་ལྔའི་དུད་ཚང་གི་བསྙེན་བཀུར་ཚད་གཞི་ལོར་མི་རེར་སྒོར་4740བར་མཐོ་རུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་ལེན་གྱི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་ལོར་མི་རེར་སྒོར་420བར། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཀྱི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་ལོར་མི་རེར་སྒོར་435བར། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་ལེན་གྱི་ཚད་གཞི་ཟླ་རེར་མི་རེར་སྒོར་640བར། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་ལོར་མི་རེར་སྒོར་2550བར་བཅས་མཐོ་རུ་གཏོང་རྒྱུ་རེད་ཅེས་དང་།

    གཞན་ཡང་། བོད་ཀྱིས་ད་དུང་མཐོ་སློབ་སློབ་ཐོན་སློབ་མ་དང་ཞིང་འབྲོག་ལས་མི་སོགས་ཀྱི་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལས་གཏོད་ལ་རྒྱབ་སྐྱོར་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་འཐུས་ཚང་དུ་གཏོང་རྒྱུ་དང་། གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་དབུལ་པོའི་ཁྱིམ་ཚང་གི་བུ་ཕྲུག་གི་སློབ་གསོར་རོགས་སྐྱོར་བྱེད་པའི་ལམ་སྲོལ་འཐུས་ཚང་དང་མཐོ་རིམ་སློབ་གསོའི་དུས་མཚམས་ཀྱི་རོགས་དངུལ་སྤྲོད་ཤུགས་ཆེ་རུ་གཏོང་རྒྱུ། ཁེ་ལས་དང་ལས་ཁུངས་བྱ་གཞག་ཚན་པའི་རྒན་ཡོལ་ཞུ་མཁན་གྱི་གཞི་རྩའི་རྒན་གསོའི་དངུལ་ལེགས་སྒྲིག་དང་ས་ཞིང་བསྡུས་པའི་ཞིང་འབྲོག་པར་སྤྱི་ཚོགས་འགན་ལེན་གྱི་སྲིད་ཇུས་བཟོ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་མི་དང་གྲོང་གསེབ་ཀྱི་གྲོང་མིའི་ནད་ཆེན་འགན་བཅོལ་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ། ལས་བཟོའི་སྨན་བཅོས་འགན་བཅོལ་དེ་ཞིང་ཆེན་བརྒལ་ནས་སྨན་བཅོས་རྩིས་ཞུ་ཡོང་བར་སྐུལ་མ་གཏོང་རྒྱུ་རེད་ཅེས་ངོ་སྤྲོད་གནང་བ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001350566751