གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ རང་ སྐྱོང་ ལྗོངས་ མི་ དམངས་ འཐུས་ ཚོགས་ སྐབས་ བཅུ་ པའི་ ཚོགས་ འདུ་ ཐེངས་ བཞི་ པ་ རྒྱལ་ ཁའི་ ངང་ གྲོལ་ བ།

 
2016-02-01        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཚེས་31ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་བཞི་པས་གྲོས་རིམ་ཁག་ལེགས་གྲུབ་ཟིན་ནས་ལྷ་སར་རྒྱལ་ཁའི་ངང་གྲོལ་བ་རེད།

    ཚོགས་འདུར་འཐུས་མི་435ཕེབས་དགོས་པ་དང་དངོས་སུ་ཕེབས་པ་353ཡོད་པས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།

    ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལག་བསྟར་ཀྲུའུ་ཞི་ཁྲེན་ཆོན་གོ་དང་། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། སྐར་མ། ཀྲོའུ་ཁྲུན་ལའེ། ཀྲའོ་ཀྲེང་ཤིའུ། ཤིང་རྩ་བསྟན་འཛིན་ཆོས་གྲགས། བསྟན་འཛིན་རྣམ་རྒྱལ། འོད་ཟེར། ཞུས་ཞུའེ་ཀོང་། ལིའུ་ཀོང་ཤུས་བཅས་དང་གསར་དུ་བདམས་ཐོན་བྱུང་བའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཅུས་ཅན་ཧྭ་དང་། ལི་ཝུན་ཧན། ཉི་མ་ཚེ་རིང་། ཀྲང་ཤའོ་ཧྭ། ཅིན་གོ་ཀང་བཅས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།

    ཚོགས་འདུ་དེ་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལག་བསྟར་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་གཙོ་སྐྱོང་གནང་བ་རེད། བློ་བཟང་རྒྱལ་མཚན་དང་། ཝུའུ་དབྱིང་ཅེ། ཏེང་ཞའོ་ཀང་། མགོན་པོ་བཀྲ་ཤིས། ནོར་བུ་དོན་གྲུབ། རྡོ་ཐོགས། ཏིང་ཡེ་ཤན། ཝང་གཡུང་ཅུན། ཙེང་དབན་མིང་། ཅང་ཅེ། ལེགས་མཆོག པ་སངས་བཅས་དང་དེ་བཞིན་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་གཞན་དག་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།

    ཕྱི་དྲོའི་ཆུ་ཚོད་3དང་སྐར་མ་40ལ་པད་མ་འཕྲིན་ལས་ཀྱིས་ཚོགས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།

    ཚོགས་འདུའི་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་དང་། རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད་སྐོར་གྱི་གྲོས་ཆོད། རང་སྐྱོང་ལྗོངས་ཀྱི་2015ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་ཚུལ་དང་2016ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་སྐོར་གྱི་གྲོས་ཆོད། རང་སྐྱོང་ལྗོངས་ཀྱི་2015ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2016ལོའི་ནོར་སྲིད་སྔོན་རྩིས་སྐོར་གྱི་གྲོས་ཆོད། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་བཅས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་སྙན་སྒྲོན་བདུན་ལ་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།

    ཚོགས་འདུའི་གྲོས་རིམ་ཁག་ལེགས་གྲུབ་ཟིན་རྗེས། པད་མ་འཕྲིན་ལས་ཀྱིས་གསུང་བཤད་གནང་ཞིང་། ཁོང་གིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་བཞི་པ་དེ་འཐུས་མི་ཡོངས་དང་ཚོགས་ཞུགས་མི་སྣའི་ཐུན་མོང་འབད་བརྩོན་འོག་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཟིན་ཡོད། ཚོགས་འདུའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་དང་དེ་མིན་སྙན་སྒྲོན་བཅས་ཀྱིས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་དང་བཀོད་སྒྲིག་གལ་ཆེན་ལག་བསྟར་ཡག་པོ་བྱས་པ་མ་ཟད། རང་ལྗོངས་ཀྱི་དོན་དངོས་མཐུན་པ་དང་མི་དམངས་ཀྱི་རེ་སྒུག་དང་ཡང་མཐུན་ཡོད། ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་ཁོངས་མི་ཁག་གཅིག་གསབ་འདེམས་བྱས་པ་དེ་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་མི་དོན་བཀོད་སྒྲིག་གི་དགོངས་ཚུལ་དེ་བས་ལེགས་པའི་སྒོ་ནས་མངོན་འགྱུར་བྱུང་ཡོད། ད་ཐེངས་ཀྱི་ཚོགས་ཆེན་ཐོག་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་ཀྱི་རང་ཐག་རང་གཅོད། ཁྲིམས་ལྟར་བྱ་བ་ནན་པོ་བསྒྲུབ་རྒྱུ་བཅས་ནུས་ལྡན་གཅིག་གྱུར་མངོན་པ་དང་། འཐུས་མི་ཡོངས་ཀྱི་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་མངོན་པ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་སྙིང་སྟོབས་མངོན་པ་བཅས་དམངས་གཙོ་དང་། མཐུན་སྒྲིལ། དངོས་གཉེར། མདུན་སྐྱོད་བཅས་ཀྱི་ཚོགས་ཆེན་ཞིག་ཡིན་ཞེས་གསུངས་པ་རེད།

    པད་མ་འཕྲིན་ལས་ཀྱིས་ད་ཐེངས་ཀྱི་ཚོགས་འདུའི་ཐོག་འབྱུང་འགྱུར་ལོ་ལྔའི་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྗིད་ཆེའི་འཆར་གཞི་བཀོད་ཡོད་ལ། འདི་ལོའི་ལས་འགན་ཁག་ཀྱང་ཁ་གསལ་བྱུང་བས་ལྗོངས་ཡོངས་ཀྱི་གོང་འོག་དང་རིམ་ཁག་རྒྱལ་ཁབ་ལས་ཁུངས་ཚང་མས་བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འཐུབ་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་བློ་གྲོས་དང་སྟོབས་ཤུགས་ད་ཐེངས་ཀྱི་ཚོགས་འདུའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཐོག་གཅིག་སྒྲིལ་བྱས་ནས་ཚད་མཐོའི་འགན་འཁྲིའི་བསམ་པ་དང་། བྱ་གཞག་སྒྲུབ་སེམས་ཆེན་པོ། ཏན་ཏིག་གི་སྤྱོད་ཚུལ། རྒྱལ་ཁ་ཐོབ་ངེས་ཀྱི་འདུ་ཤེས་བཅས་ཀྱི་ཐོག་ནས་བློ་རྩེ་གཅིག་སྒྲིམ་ངང་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་པ་དང་ནུས་ཤུགས་ཡོད་རྒུས་ལས་དོན་ཁག་ཡག་པོ་བསྒྲུབ་སྟེ“ལོ་ལྔ་ཚན་བཅུ་གསུམ་པ”འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་ཆེད་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་གསུངས་པ་རེད།

    ཚོགས་འདུ་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་རྒྱལ་ཁའི་ངང་གྲོལ་བ་རེད།

    ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་མཁན་གྲས་སུ་ད་དུང་མོང་ཏེ་ལི་དང་། བདེ་སྐྱིད། སྐལ་བཟང་ཚེ་རིང་། ཏུང་མིང་ཅུན། སྤེན་པ་བཀྲ་ཤིས། རྡོ་རྗེ་ཚེ་སྒྲུབ། རྒྱལ་མཚན། ཧོ་ཝུན་ཧའོ། འཆི་མེད་རིག་འཛིན། ཧྥང་ལི་མིན། ལི་སུའུ་ཀྲེ། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། པད་མ་རྣམ་རྒྱལ། རྫོང་ལོ་བྱམས་པ་མཁས་གྲུབ། ས་ལུང་ཕུན་ལགས། ཅིན་ཧྲི་ཤུན། ཀའོ་དབྱང། བསོད་ནམས་རིག་འཛིན། ངག་དབང་། མཚམས་ཆུང་། ང་ཕོད་འཇིགས་ཡོན། ཚེ་དབང་སྟོབས་རྒྱལ། རྡོ་རྗེ། བསོད་དར། ཀྲང་ཧྥེ་ཀྲུང་། ལིའུ་ཤུས། ཀའོ་དབན་ཧའེ། ཅ་ལི་གོ་བཅས་ཡོད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001350638401