གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། རང་ རྒྱལ་ གྱི་ ས་ བབ་ མཐོ་ ཤོས་ སུ་ དྲོད་ རླངས་ མཁོ་ འདོན་ གྱི་ ལས་ གྲྭ་ དེ་ བོད་ ཀྱི་ ནག་ ཆུར་ སྤྱོད་ འགོ་ འཛུགས་ རྒྱུ་ ཡིན་ པ།

 
2016-02-02        གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་1ཚེས་28ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་བོད་རང་སྐྱོང་ལྗོངས“ཚོགས་འདུ་གཉིས”ཀྱི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། རང་རྒྱལ་གྱི་ས་བབ་མཐོ་ཤོས་སུ་དྲོད་རླངས་མཁོ་འདོན་གྱི་ལས་གྲྭ་དེ་འདི་ལོའི་ཟླ་10པར་བོད་ཀྱི་ནག་ཆུ་གྲོང་རྡལ་དུ་སྤྱོད་འགོ་འཛུགས་རྒྱུ་ཡིན་པ་དང་སྐབས་དེ་དུས་ས་ཁུལ་དེའི་ཡུལ་མི་ཁྲི་20ལྷག་ཙམ་གྱི་དྲོད་ལེན་གནད་དོན་རྩ་བའི་ཐོག་ནས་ཐག་གཅོད་ཐུབ་རྒྱུ་རེད།

    ནག་ཆུ་གྲོང་རྡལ་ནི་བོད་བྱང་ཐང་ས་མཐོའི་མཐོ་གྲང་ཁུལ་དུ་གནས་ཏེ་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ལས་བརྒལ་བ་དང་། ལོའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་1ནས་ཧྲེ་ཧྲི་ཏུའུ་2བར་ཡིན་པ། གྲང་ངར་ཆེ་ཤོས་སྐབས་ཀླད་སྐོར་འོག་གི་ཧྲེ་ཧྲི་ཏུའུ་30ཟིན་ཁར་ནམ་དུས་དགུན་ཁར་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ལས་ཀ་དང་འཚོ་བར་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད།

    གསར་འགོད་པས་བོད་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ལས་བྱེད་པ་དང་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་ལེགས་སུ་གཏོང་ཆེད་བོད་ཀྱིས་མཐོ་གྲང་དང་ས་བབ་མཐོ་བའི་རྫོང་གྲོང་དུ་དྲོད་རླངས་མཁོ་འདོན་གྱི་ལས་གྲྭ་རིམ་བཞིན་ལག་བསྟར་བྱེད་བཞིན་ཡོད། མིག་སྔར་བོད་ཀྱིས་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་དུ་དྲོད་རླངས་མཁོ་འདོན་གྱི་ལས་གྲྭ་ལེགས་གྲུབ་ཟིན་པ་དང་འབྲེལ་མངའ་རིས་ས་ཁུལ་གྱི་སེང་གེ་ཁ་འབབ་གྲོང་རྡལ་དང་མཐོ་གྲང་དང་ས་བབ་མཐོ་བའི་ས་ཁུལ་གྱི་སློབ་གྲྭར་དྲོད་རླངས་མཁོ་འདོན་ལས་གྲྭའི་ལས་འགོ་ཚུགས་ཡོད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001350673071