གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། མཚོ་ བོད་ ས་ མཐོར་ ཀྲུང་ གོའི་ ས་ བབ་ མཐོ་ ཤོས་ ཀྱི་ གངས་ ཤུར་ གློད་ ས་ སྐྲུན་ རྩིས་ ཡོད་ པ།

 
2016-02-18        གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་2ཚེས་16ཉིན་གློག་འཕྲིན་འབྱོར་གསལ། རང་རྒྱལ་གྱི་གངས་འཁྱག་ལུས་རྩལ་ཚ་ཚ་འུར་འུར་ངང་སྤེལ་བའི་སྐབས་དང་བསྟུན་ནས་བོད་ལྗོངས་ལུས་རྩལ་སྡེ་ཚན་གྱིས་ལྷ་སར་རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་གངས་ཤུར་གློད་ས་ཞིག་སྐྲུན་རྩིས་ཡོད་པ་རེད།

    ཚེས་16ཉིན་རི་འཛེག་ཉམས་མྱོང་ཕུན་སུམ་ཚོགས་པོ་ལྡན་པའི་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཉི་མ་ཚེ་རིང་གིས། མཚོ་བོད་ས་མཐོའི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཡན་ཟིན་པ་དང་། གངས་འཁྱག་ལུས་རྩལ་སྤེལ་བའི་ཆ་རྐྱེན་དང་ཁོར་ཡུག་ཧ་ཅང་ཐུན་མིན་ཡིན་པའི་དབང་གིས་གངས་འཁྱག་ལུས་རྩལ་ལ་དགའ་པོ་ཡོད་མཁན་ཚོར་གཞན་དང་མི་འདྲ་བའི་མྱོང་ཚོར་སྦྱིན་སྲིད་པས་བོད་ཀྱི་གངས་འཁྱག་ལུས་རྩལ་གྱི་མདུན་ལམ་རྒྱ་ཆེ་ཡོང་ངེས་རེད་ཅེས་བཤད་པ་རེད།

    གཞན་ཡང་། བོད་ལྗོངས་ལུས་རྩལ་སྡེ་ཚན་གྱིས་ཧེ་ལུང་ཅང་ཞིང་ཆེན་ལུས་རྩལ་ཅུས་དང་གྲོས་མཐུན་བཞག་ཅིང་། ཧེ་ལུང་ཅང་གིས་བོད་སྐྱོར་རྣམ་པའི་ཐོག་ནས་བོད་ཀྱི་གངས་ཤུར་གློད་མཁན་གསོ་སྐྱོང་བྱས་ཏེ་བོད་ཀྱི་གངས་འཁྱག་ཤེས་ལྡན་མི་སྣ་མང་དུ་གཏོང་རྒྱུ་རེད། ཉི་མ་ཚེ་རིང་གིས“2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་བོད་ཀྱི་བདམས་ཐོན་པའི་གཟི་མདངས་མངོན་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད་པ་རེད།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱིས་གངས་འཁྱག་ལུས་རྩལ་ཚུད་པའི་ཕྱི་རོལ་གྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་རེད། འཆར་འགོད་ལྟར་ན། བོད་ཀྱིས་ཁོངས་གཏོགས་ཁུལ་གྱི་ཐུན་མིན་གྱི་རི་རྩེ་དང་། ནགས་ཚལ། ན་ཁ། ཆུ་བོ། མཚེའུ། འཁྱག་རོམ་སོགས་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་ནས་ཕྱི་རོལ་གྱི་ལུས་རྩལ་རྣམ་གྲངས་གསར་སྤེལ་ཧུར་ཐག་བྱས་ཏེ་རྒྱལ་ཡོངས་ཀྱི་ཕྱི་རོལ་གྱི་ལུས་རྩལ་སྤེལ་མང་བའི་ལྗོངས་ཆེན་པོ་ཞིག་གཏོད་རྒྱུ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001351091131