གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ རང་ སྐྱོང་ ལྗོངས་ སུ་ འདི་ ལོ་ གྲོང་ གསེབ་ ཀྱི་ སློབ་ འབྲིང་ ཚན་ རྩལ་ ཁང་ ཕྱོགས་ ཡོངས་ ནས་ ཁྱབ་ རྒྱུ་ ཡིན་ པ།

 
2016-02-18        གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས་ནས་ཤེས་རྟོགས་བྱུང་བར། བོད་དུ་2016ལོའི་ལོ་མཇུག་གོང་དུ་རྫོང(ཆུས)74རུ“གྲོང་གསེབ་ཀྱི་སློབ་འབྲིང་ཚན་རྩལ་ཁང”ཕྱོགས་ཡོངས་ནས་ཁྱབ་རྒྱུ་ཡིན་པ་དང་འབྲེལ་ཚན་རིག་ཁྱབ་གདལ་ཐོན་ཁུངས་དེ་གྲོང་གསེབ་སློབ་འབྲིང་ནས་ཉེ་འགྲམ་གྱི་ཤང(གྲོང་རྡལ)དུ་ཁྱབ་འགྱེད་བྱེད་ཐུབ་པའི་རྣམ་པ་ཆགས་པ་བྱེད་རྒྱུ་རེད། བྱེད་ཐབས་དེས་གྲོང་གསེབ་ཀྱི་ཚན་རིག་ཁྱབ་གདལ་གྱི་སྤྱི་པའི་ཞབས་ཞུའི་ནུས་པ་སྔར་བས་མཐོ་རུ་གཏོང་བ་དང་། ཚན་རིག་ཁྱབ་གདལ་གྱི་ཐོན་ཁུངས་དོ་སྙོམས་ཅན་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་གི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་རྒྱུ་བཅས་རེད།

    བོད་རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས་ཀྱི་བཀྲ་བཟང་གིས་ངོ་སྤྲོད་བྱས་པར། ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱི“གྲོང་གསེབ་ཀྱི་སློབ་འབྲིང་ཚན་རྩལ་ཁང་སྤྱི་ཕན་རྣམ་གྲངས”ཁྲོད“རྒྱལ་ཡོངས་ལ་ཕྱོགས་པ་དང་ལྷག་པར་དུ་དབུས་ནུབ་ས་ཁུལ་དུ་གྲོང་གསེབ་སློབ་འབྲིང་ཚན་རྩལ་ཁང་འཛུགས་རྒྱུའི་གྲ་སྒྲིག”གི་བླང་བྱར་གཞིགས་ཏེ་བོད་དུ“གྲོང་གསེབ་སློབ་འབྲིང་ཚན་རྩལ་ཁང་སྤྱི་ཕན་རྣམ་གྲངས”དེ་2014ལོར་འགོ་ཚུགས་པ་དང་། ལོ་གཉིས་རིང“གྲོང་གསེབ་ཀྱི་སློབ་འབྲིང་ཚན་རྩལ་ཁང”58སྐྲུན་ཡོད་པ་དང་ད་དུང་བོད་སྐྱོར་མ་དངུལ་སྤྱད་དེ་ལྷ་ས་དང་ཆབ་མདོ་ཕུད་པའི་ས་ཁུལ་དང་གྲོང་ཁྱེར་གཞན་5ལ་སྐོར་སྐྱོད་ཚན་རྩལ་ཁང་ཉོ་སྒྲུབ་བྱས་ཏེ་ཞིང་འབྲོག་ས་ཁུལ་དུ་ཚན་རྩལ་ཤེས་བྱ་ཁྱབ་སྤེལ་བྱ་རྒྱུར་འགན་ལེན་བྱས་ནས་གཞོན་ནུ་ལོ་ཆུང་གིས་ཚན་རྩལ་ལ་དགའ་སྣང་བྱེད་པའི་སྤྲོ་སེམས་ཆེས་ཆེར་འཕེལ་བ་བྱས་ཡོད།

    གསར་འགོད་པར་ཤེས་རྟོགས་བྱུང་བར“གྲོང་གསེབ་ཀྱི་སློབ་འབྲིང་ཚན་རྩལ་ཁང”རེ་རེར་མ་དངུལ་སྒོར་ཁྲི་20བཏང་བ་དང་། གྲོང་གསེབ་སློབ་འབྲིང་གི་ད་ཡོད་ཀྱི་ས་ཆའི་ཆ་རྐྱེན་གྱི་རྨང་གཞིའི་ཐོག་དཔེ་དེབ་1000ཙམ་ཡོད་པའི་ཚན་རིག་ཁྱབ་གདལ་གྱི་དཔེ་ཀློག་ཁུལ་དང་། ཚན་རིག་ཁྱབ་གདལ་འགྲེམས་རྫས། གྲངས་གཞིའི་ཚན་རྩལ་ཁང་། སློབ་མའི་ཚན་རྩལ་གསར་གཏོད་བརྩམས་བྱ་དང་སྨྱན་མང་གྲིབ་བརྙན་སྒྲིག་ཆས་སོགས་ནང་དོན་ཚུད་ཡོད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001351091461