གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ ཀྱིས་ རེས་ སྐོར་ གསར་ པའི་ གྲོང་ གསེབ་ གློག་ དྲ་ སྒྱུར་ བཀོད་ ལས་ གྲྭ་ སྤེལ་ འགོ་ ཚུགས་ པ།

 
2016-04-11        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཟླ་4ཚེས་5ཉིན་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་རེས་སྐོར་གསར་པའི་གྲོང་གསེབ་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་གྲྭའི་འགོ་ཚུགས་ཚོགས་འདུ་འཚོགས་ནས་2016ལོ་དང་2017ལོའི་ལྗོངས་ཡོངས་ཀྱི་གྲོང་རྡལ་ཆུང་ངུ་དང་ལྟེ་བའི་གྲོང་ཚོའི་གྲོང་གསེབ་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་འགན་བཀོད་སྒྲིག་བྱས་པ་དེ་ཐོག་ནས་བོད་ཀྱི་རེས་སྐོར་གསར་པའི་གྲོང་གསེབ་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་གྲྭ་དངོས་སུ་སྤེལ་འགོ་ཚུགས་པ་མཚོན་གྱི་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིར་སྤེལ་འགོ་ཚུགས་པའི་2016ལོ་ནས་2017ལོའི་ལོ་མཇུག་བར་བོད་ཀྱི་གྲོང་རྡལ་ཆུང་ངུ་དང་ལྟེ་བའི་གྲོང་ཚོའི་གྲོང་གསེབ་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་གྲྭ་དེ་ནི་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་དང་། ཧྭ་ནུས་ཚོགས་པ། ཏ་ཐང་ཚོགས་པ། ཧྭ་གློག་ཚོགས་པ། རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པ་ཀུང་སི། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སི་སོགས་ཚན་པ་6གིས་ལག་ལེན་བསྟར་རྒྱུའི་འགན་འཁུར་བཞིན་ཡོད་པ་དང་། ཚོད་རྩིས་བྱས་ན་ལས་གྲྭ་དེར་མ་དངུལ་སྒོར་དུང་ཕྱུར་123.5གཏོང་རྒྱུ་ཡིན་པ་དེ་ལྗོངས་ཡོངས་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”གྲོང་གསེབ་གློག་དྲ་འཛུགས་སྐྲུན་གྱི་སྤྱིའི་མ་འཇོག་ལས་བརྒལ་ཡོད་པ་རེད། ལས་གྲྭ་འཛུགས་སྐྲུན་བྱས་པ་བརྒྱུད་བོད་ཀྱིས་གྲོང་རྡལ་ཆུང་ངུ་དང་ལྟེ་བའི་གྲོང་ཚོ་3300ཡི་གྲོང་གསེབ་གློག་དྲ་སྒྱུར་བཀོད་རིམ་སྤོར་ལེགས་གྲུབ་བྱ་རྒྱུ་དེ་ས་ཁུལ(ས་ཁུལ་རིམ་པའི་གྲོང་ཁྱེར)7གྱི་རྫོང་66གི་མི་ཁྲི་162ཙམ་དང་འབྲེལ་བ་ཡོད་ཅིང་། དེས་ལྗོངས་ཡོངས་ཀྱི་ཞིང་འབྲོག་པའི་མི་འབོར་ཡོངས་ཀྱི་70%བཟུང་ཡོད། དེའི་ནང་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་གྲོང་རྡལ་ཆུང་ངུ་དང་ལྟེ་བའི་གྲོང་ཚོ་3070ཡི་གྲོང་གསེབ་གློག་དྲ་སྒྱུར་བཀོད་རིམ་སྤོར་ལག་ལེན་བསྟར་རྒྱུའི་འགན་འཁུར་གྱི་ཡོད་ཅིང་། དེ་དག་ལྗོངས་ཡོངས་ཀྱི་ས་ཁུལ(གྲོང་ཁྱེར)7གྱི་རྫོང་61(གློག་དྲ་གཙོ་བོ་ཁྱབ་པའི་རྫོང་58དང་ཆབ་མདོ་གྲོང་ཁྱེར་གྱི་སྟེང་ཆེན་དང་། དཔལ་འབར། ལྷོ་རོང་བཅས་རྫོང་གི་གློག་དྲ་གཙོ་བོ་སྣུར་སྲིང་བྱས་པ་ཚུད་པ)ཚུད་ཡོད་པ་དང་། ཚོད་རྩིས་བྱས་ན་སྒོར་དུང་ཕྱུར་120ཙམ་གཏོང་རྒྱུ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001352674881