གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ ཀྱིས་ ནགས་ ཚལ་ བདག་ དབང་ གཏའ་ མར་ འཇོག་ པའི་ དངུལ་ བུན་ ཐོག་ མ་ དེ་ བཏང་ བ།

 
2016-07-21        གསར་འགྱུར་འབྱུང་ཁུངས། མི་དམངས་ཉིན་རེའི་ཚགས་པར།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཞིང་འབྲོག་ཁུལ་དུ་མ་དངུལ་བསྡུ་སྒྲིལ་དཀའ་བའི་གནད་དོན་ཞི་ལྷོད་དུ་སོང་བ།

    བོད་ལྗོངས་གྲ་ནང་རྫོང་གྲ་ཕྱི་ཤང་གི་གྲོང་མི་དཔལ་འབྱོར་གྱིས་ཉེ་ཆར་རང་ཉིད་ཀྱི་སྡོང་ཕྲུག་ར་བ་གཏའ་མར་བཞག་ནས་ཞིང་ལས་དངུལ་ཁང་ནས་མ་དངུལ་སྒོར་ཁྲི་800གཡར་ཏེ་འདེབས་འཛུགས་ཀྱི་རྒྱ་ཁྱོན་ཆེ་རུ་གཏོང་བ་དང་སྔོ་ལྗང་ཅན་དུ་འགྱུར་བའི་རྣམ་གྲངས་འགན་གཙང་ལེན་རྩིས་ཡོད་པ་རེད།

    འདི་ནི་བོད་ཀྱིས་ནགས་ཚལ་བདག་དབང་གཏའ་མར་འཇོག་པའི་དངུལ་བུན་གཡར་ཐེངས་ཐོག་མ་ཡིན་པས་བོད་ཀྱི་ནགས་ལས་ཐོན་སྐྱེད་རྒྱུ་རྐྱེན་སྐུལ་སྤེལ་བྱས་ནས་བེད་མེད་དུ་ལུས་པའི་ནགས་ཚལ་ཐོན་ཁུངས་དེ་གཏའ་མར་བཞག་ནས་དངུལ་སྨར་དུ་འགྱུར་བའི་ཐོན་ཁུངས་སུ་བསྒྱུར་ཏེ་ཞིང་འབྲོག་ཁུལ་གྱི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་ཐབས་ལམ་རྒྱ་བསྐྱེད་བཏང་བ་དང་གྲོང་གསེབ་ཀྱི་དཔལ་འབྱོར་ལེགས་སུ་གཏོང་བ་སོགས་ལ་འཚོལ་ཞིབ་བྱེད་སྟངས་གསར་པ་བཏོད་ཡོད།

    ཚེས་19ཉིན་གསར་འགོད་པས་ཀྲུང་གོ་མི་དམངས་དངུལ་ཁང་ལྷོ་ཁ་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། མི་དམངས་དངུལ་ཁང་དང་། ནགས་ལས་སྡེ་ཚན། ཞིང་ལས་དངུལ་ཁང་བཅས་ཀྱིས་མཉམ་འབྲེལ་བརྟག་ཞིབ་ཐེངས་མང་བྱས་པའི་རྨང་གཞིའི་ཐོག་གཉེར་སྐྱོང་བྱེད་ཚུལ་ཡག་པོ་ཡོད་པ་དང་གཞི་ཁྱོན་ཆེ་ཙམ་ཡོད་པའི་ལྷོ་ཁ་དཔལ་འབྱོར་སྐྱེད་ཚལ་སྔོ་འགྱུར་འཛུགས་སྐྲུན་ཚད་ཡོད་ཀུང་སི་མ་འཇོག་བྱ་ཡུལ་དུ་བརྩིས་ནས་ཁེ་ལས་ཀྱི་ནོར་དོན་ལམ་སྲོལ་དང་ནགས་ཚལ་བདག་དབང་ལག་ཁྱེར་གཉེར་བ་སོགས་ཐད་མཛུབ་ཁྲིད་དང་ཞབས་ཞུ་བྱས་ཡོད། ལོ་ཕྱེད་ཙམ་འབད་བརྩོན་བྱས་པ་བརྒྱུད་མཐར་ཡིད་རྟོན་དངུལ་བུན་སྒོར་ཁྲི་800གཡར་རྒྱུའི་ཐག་བཅད་པ་དང་བུན་གཡར་དུས་ཚད་ལོ་གཅིག་དང་སྐྱེད་ཀ་2.35%ཡིན་པར་ནོར་སྲིད་ཀྱིས་སྐྱེད་ཀ་ཆ་ཚང་ཁ་གསབ་བྱ་རྒྱུ་རེད།

    “སྔོན་མ་ནས་སྡོང་ཕྲུག་ར་བ་རྒྱ་བསྐྱེད་དུ་གཏོང་དགོས་བསམ་ཀྱང་མ་དངུལ་ཁ་ཐང་བས་གཏོང་ཐུབ་མ་སོང་། ད་ཆ་སྒོར་ཁྲི་800གཡར་བར་སྐྱེད་ཀ་སྐར་མ་གཅིག་ཀྱང་སྤྲོད་མི་དགོས་པར་ངའི་ལོ་འཁོར་མོའི་མ་དངུལ་འཁོར་རྒྱུག་འདང་ངེས་འདུག”ཅེས་གྲ་ནང་རྫོང་དཔལ་འབྱོར་སྐྱེད་ཚལ་སྔོ་འགྱུར་ཚད་ཡོད་ཀུང་སིའི་འགན་འཁུར་བ་དཔལ་འབྱོར་གྱིས་བཤད། སྔོ་འགྱུར་ལས་རིགས་ནང་ཞུགས་ནས་ལོ་30ལྷག་ཙམ་སོང་བ་དང་སྲིད་ཇུས་གསར་པ་ལས་དཔལ་འབྱོར་གྱི་ཡིད་ཆེས་དེ་བས་ཆེ་རུ་ཕྱིན་ནས“ད་ལོ་ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་རྒྱ་ཁྱོན་ཆེ་བའི་སྔོ་འགྱུར་རྣམ་གྲངས་འགན་གཙང་བླངས་ཡོད་པ་དང་སྔ་སྣུར་དུ་སྤྲོད་བྱེད་མ་དངུལ་ཡོད་པས་ལས་ཀ་བྱེད་མཁན་གྲོང་མི་མང་པོ་གླས་ཆོག ང་ཚོས་ནགས་ཚལ་སྡོང་ཕྲུག་ར་བ་རྒྱ་བསྐྱེད་བཏང་ནས་ཐོན་སྐྱེད་བྱེད་པར་སེམས་ཁྲལ་མི་འདུག”ཅེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་ནགས་ཚལ་སྡེ་ཚན་གྱིས་སྤྱི་ཚོགས་ཀྱི་བྱེད་པོ་ཁག་ལ་མཉམ་སྡེབ་ནགས་ལས་ལ་མ་འཇོག་བྱ་རྒྱུར་སྐུལ་འདེད་བཏང་ནས་ནགས་ས་སྤྱོད་ཡུལ་འགྱུར་བ་མི་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་འོག་ནགས་ས་འགན་གཙང་བླངས་པའི་དུས་བཀག་ལོ་70ཡིན་པ་དང་། སྲིད་ཇུས་ཐད་སྔོན་ལ་རོགས་སྐྱོར་བྱ་རྒྱུ་ཡིན་པ་དང་། རི་རྒོད་དང་། ས་སྟོང། རི་ལྡེབས་བཅས་སུ་ནགས་བཟོ་བྱས་ཚེ་གཏན་འབེབས་ལྟར་མུའུ་རེར་སྒོར་200ཁ་གསབ་བྱས་ནས་ནགས་ཚལ་བདག་དབང་གཏའ་འཇོག་གི་དབུལ་སྐྱོར་སྐྱེད་ཀ་ལོངས་སྤྱོད་བྱེད་པའི་ནོར་སྲིད་སྐྱིན་གསབ་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

    “ནགས་ཚལ་བདག་དབང་གཏའ་མར་བཞག་ནས་དངུལ་བུན་གཡར་བ་དེས་ནགས་ཚལ་བདག་དབང་གི་དཔལ་འབྱོར་རིན་ཐང་མངོན་འགྱུར་བྱ་རྒྱུར་ཕན་པ་ཡོད་པ་དང་། ནགས་ཚལ་གཉེར་སྐྱོང་བ་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་བཀུག་ནས་ནགས་ལས་འཕེལ་རྒྱས་གཏོང་བའི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱས་ཏེ་ནགས་ལས་ལ་མ་འཇོག་བྱེད་ཤུགས་ཆེ་རུ་ཕྱིན་ནས་ནགས་ལས་དང་ཞིང་ལས་པའི་ནགས་ཚལ་ཐོན་ཁུངས‘ལྗང་མདོག་དངུལ་ཁང’དུ་འགྱུར་བ་བྱེད་དགོས”ཞེས་བོད་རང་སྐྱོང་ལྗོངས་ནགས་ལས་ཐིང་གི་ཐིང་ཀྲང་ཡོན་ཏན་གྱིས་བཤད། 

མཛའ་འབྲེལ་དྲ་བ།
010020070840000000000000011100001355303441