གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ ལྗོངས་ ཡར་ ཀླུང་ གཙང་ པོའི་ འབབ་ རྒྱུད་ ཀྱི་ ཆུའི་ སྤུས་ ཚད་ སྤྱིའི་ ཆ་ ནས་ ལེགས་ པོ་ ཡིན་ པ།

 
2016-07-21        གསར་འགྱུར་འབྱུང་ཁུངས། མི་དམངས་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཚན་རིག་རྟོག་ཞིབ་གསར་ཤོས་བྱས་འབྲས་ཤིག་ལས་མངོན་པ་ལྟར་ན། བོད་ལྗོངས་ཀྱི་ཡར་ཀླུང་གཙང་པོའི་འབབ་རྒྱུད་ཀྱི་ཆུའི་སྤུས་ཚད་སྤྱིའི་ཆ་ནས་ལེགས་པོ་ཡིན་པ་དང་སྐྱེ་ཁམས་ཁོར་ཡུག་ཀྱང་བཟང་པོ་རྒྱུན་འཁྱོངས་བྱས་ཡོད་པ་རེད།

    ཟླ་7ཚེས་20ཉིན་གསར་འགོད་པས་བོད་ལྗོངས་སློབ་ཆེན་ནས་ཤེས་རྟོགས་བྱུང་བ་ལྟར་ན། བོད་ལྗོངས་སློབ་ཆེན་དང་། ཐེན་ཅིན་སློབ་ཆེན། པེ་ཅིང་སློབ་ཆེན། ཀྲུང་གོ་ཚན་རིག་ཁང་གི་ས་ཁམས་དང་ཐོན་ཁུངས་ཞིབ་འཇུག་ཁང་བཅས་ཀྱིས་མཉམ་དུ་སྒྲུབ་འགན་འཁུར་བའི་ཚན་རྩལ་པུའི་གཙོ་གནད་ཞིབ་འཇུག་བྱ་གཞི་སྟེ་"བོད་ལྗོངས་ཁོར་ཡུག་གི་ཆུ་རྫས་འགྱུར་བརྟག་དཔྱད་དང་འཐུང་ཆུ་གནོད་མེད་ཡིན་མིན་ལ་གདེང་འཇོག་བྱེད་པའི་ལག་རྩལ་ཞིབ་འཇུག་"ཅེས་པ་དེ་ཉེ་སྔོན་བོད་ལྗོངས་ཀྱི་ཡར་ཀླུང་གཙང་པོའི་འབབ་རྒྱུད་ཀྱི་ཆུའི་ཁོར་ཡུག་གི་སྤུས་ཚད་ལ་བརྟག་དཔྱད་ལས་དོན་ལེགས་འགྲུབ་བྱས་པ་རེད།

    ཞིབ་འཇུག་བྱ་གཞིའི་འགན་འཁུར་པ་དང་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་ཐན་ཞིན་གྱིས་ཐེངས་འདིའི་རྟོག་ཞིབ་ཀྱི་ཁྱབ་ཁོངས་སུ་ཡར་ཀླུང་གཙང་པོའི་ཆུ་འགོ་ནས་རྒྱལ་མཚམས་ཕྱིར་འབབ་པའི་བར་གྱི་གཞུང་རྒྱུན་དང་རིམ་པ་དང་པོའི་ཆུ་ལག་སོགས་འདུས་ཡོད་ཅིང་། ཡུལ་དངོས་ནས་ཡར་ཀླུང་གཙང་པོའི་ཆུ་དང་བསགས་སྙིགས་ཀྱི་མ་དཔེ་འཚོལ་བསྡུ་དང་། ཡུལ་དངོས་སུ་ཆུ་བཟང་ངན་གྱི་དམིགས་ཚད་ལ་ཐོག་མའི་ཚད་འཇལ་གཏན་འཁེལ། རྗེས་མཐུད་ཀྱི་ཚོད་ལྟ་ཁང་དུ་རྒྱུད་རིམ་ལྡན་པའི་ཚད་ལེན་ཚོད་ལྟ་དབྱེ་ཞིབ་བཅས་བྱས་པར་བརྟེན་ནས་མིག་མཐོང་ལག་ཟིན་གྱི་ཐོག་མའི་དཔྱད་གཞིའི་ཡིག་རིགས་འབོར་ཆེན་ལ་ཞིབ་འཇུག་བྱས་པའི་རྨང་གཞིའི་ཐོག་ཞིབ་འཇུག་ཚོགས་ཆུང་གིས་གོང་གསལ་གྱི་བསྡོམས་ཚིག་ཐོབ་པ་ཡིན་ཞེས་བཤད་པ་རེད།

    ཐན་ཞིན་གྱིས་བརྟག་དཔྱད་ཞིབ་འཇུག་བྱས་འབྲས་འདིས་ཡར་ཀླུང་གཙང་པོའི་ཆུའི་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དང་དེ་བཞིན་ཡར་ཀླུང་གཙང་པོའི་ཕུན་སུམ་ཚོགས་པའི་ཆུའི་ཐོན་ཁོངས་རྒྱུན་མཐུད་ངང་བེད་སྤྱོད་བྱས་ཆོག་པར་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་པ་མ་ཟད། བོད་ལྗོངས་ཀྱིས་མཐོ་སྒང་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་འཛུགས་སྐྱོང་བྱེད་པར་འདེགས་སྐྱོར་ནུས་ལྡན་ཡང་འདོན་སྤྲོད་བྱས་ཡོད་ཅེས་བརྗོད་པ་རེད། 

མཛའ་འབྲེལ་དྲ་བ།
010020070840000000000000011100001355303551