གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། “2016·བོད་ ཀྱི་ ཡུལ་ སྐོར་ ཁྱབ་ གདལ་ གཟའ་ འཁོར གྱི་ བྱེད་ སྒོ་ འབྲི་ ཆུའི་ ཟུར་ གསུམ་ གླིང་ དུ་ སྤེལ་ བ།

 
2016-07-25        གསར་འགྱུར་འབྱུང་ཁུངས། མི་དམངས་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    “མི་ཡུལ་གྱི་གནས་མཆོག མཁའ་དབྱིངས་ཀྱི་བོད་ལྗོངས”ཞེས་པའི་བརྗོད་དོན་གཙོ་བོའི“2016·བོད་ཀྱི་ཡུལ་སྐོར་ཁྱབ་གདལ་གཟའ་འཁོར”གྱི་བྱེད་སྒོ་འབྲི་ཆུའི་ཟུར་གསུམ་གླིང་ཁུལ་དུ་འགོ་ཚུགས་ཤིང་། ད་ཐེངས་ཀྱི་བྱེད་སྒོ་དེ་ཐོག་མར་ཧྲང་ཧའེ་རུ་སྤེལ་བ་དང་། དེ་རྗེས་ཉིང་པོ་དང་ནན་ཅིང་དུ་ཡུལ་སྐོར་འོས་སྦྱོར་ངོ་སྤྲོད་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ས་གནས་གསུམ་གྱི་གྲོང་ཚོར་བོད་ཀྱི་རང་བྱུང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཉམས་འགྱུར་ཚོར་ཐུབ་པའི་ལས་སྟེགས་ཤིག་བཏོད་ཡོད་པ་རེད།

    ཁྱབ་གདལ་གཟའ་འཁོར་གྱི་བྱེད་སྒོ་དེ་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་གཙོ་གཉེར་བྱས་ཤིང་། བྱེད་སྒོའི་ནང་VRལག་རྩལ་དང་མཛེས་ལྗོངས་བསྡུས་རིས་སོགས་ཀྱི་བྱ་ཐབས་སྤྱད་ཐོག་མཉམ་འགུལ་མྱོང་ཚོར་དང་། གླུ་ལེན་གར་འཁྲབ། དམངས་སྲོལ་འགྲེམས་སྟོན་སོགས་ཀྱི་བྱེད་ཐབས་ཐོག་ནས་འབྲི་ཆུའི་ཟུར་གསུམ་གླིང་ཁུལ་གྱི་གྲོང་མིར་བོད་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་ཡུལ་སྐོར་ཐོན་ཁུངས་དང་དེ་བཞིན་ཡུལ་སྐོར་ལམ་ཐིག་ངོ་སྤྲོད་བྱས་པ་རེད།

    ད་ཐེངས་ཀྱི་ཁྱབ་གདལ་གཟའ་འཁོར་གྱི་བྱེད་སྒོའི་ནང་བོད་ཀྱི་ཡུལ་སྐོར་སྡེ་ཚན་གྱིས“གནས་མཆོག་ལྷ་ས། བདེ་སྐྱིད་ལོངས་སུ་སྤྱོད”དང་། “ངོ་མཚར་ཇོ་རི། ཉམས་འགྱུར་ལྡན་པའི་གཞིས་རྩེ”“མཛེས་སྡུག་ལྡན་པའི་ཕ་ཡུལ་ཡར་ཀླུང”“གཡུ་ཡིས་བརྒྱན་པའི་ཉིང་ཁྲི། རང་འཁོར་བཏང་ནས་མེ་ཏོག་ཏུ་བསྐྱོད”“མཁའ་དབྱིངས་ཀྱི་བོད་ལྗོངས། ངོ་མཚར་ལྡན་པའི་མངའ་རིས”སོགས་ཁྱད་ལྡན་ཡུལ་སྐོར་ལམ་ཐིག་ཆེ་གྲས་བདུན་ངོ་སྤྲོད་བྱས་པ་རེད།

    ཁྱབ་གདལ་གཟའ་འཁོར་བྱེད་སྒོའི་བཀྲག་མདངས་འཚེར་ས་ཞིག་སྟེ། ལམ་ཚད་སྤྱི་ལེ་5000ལས་བརྒལ་བའི“རྒྱལ་ལམ་318དུ་རང་འཁོར་བཏང་ནས་ཡུལ་སྐོར་བྱེད”ཅེས་པའི་བྱེད་སྒོ་ཡང་ཚེས་22ཉིན་དུས་གཅིག་ཏུ་འགོ་ཚུགས་ཤིང་། རང་འཁོར་གཏོང་མཁན་རླངས་འཁོར་རུ་ཁག་ཧྲང་ཧའེ་ནས་ཐོན་ཏེ་བོད་དུ་ཡུལ་སྐོར་བྱེད་པར་བསྐྱོད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001355379741