གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། ལྷ་ སས་ ལུས་ རྩལ་ འགྲན་ བསྡུར་ ལ་ བརྟེན་ ནས་ དབུལ་ སྒྲོལ་ གྱི་ ཐབས་ ལམ་ གསར་ པ་ འཚོལ་ ཞིབ་ བྱས་ པ།

 
2016-07-26        གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ལྷ་ས་ནས་ཟླ་7ཚེས་24ཉིན་ལུས་རྩལ་ཆེད་གཏོང་གློག་འཕྲིན་འབྱོར་གསལ། ཚེས་24ཉིན་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་གནས་པའི་མཚུར་ཕུ་དགོན་གྱི་ཕྱི་རོལ་དུ་མིས་ཁེངས་ཤིང་། རྐང་འཁོར་བཞོན་མཁན་ཚོ་གཅིག་མཇུག་གཉིས་མཐུད་ངང་དགོན་སྡེའི་ཕྱི་རོལ་གྱི་གྱེན་ལམ་མཐའ་མ་དེ་ནུས་ཤུགས་ཡོད་རྒུས་འཛེགས་པ་དང་ས་གནས་དེ་གའི་མང་ཚོགས་ཚོའི་ཀི་འདེབས་ངར་སློང་གི་སྒྲའི་ཁྲོད་དུ་མཇུག་སྣེར་འབྱོར།

    དེ་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་མཚུར་ཕུ་ལུང་ཤུར་དུ་རྐང་འཁོར་བཞོན་ནས་སྐྱོད་པའི་ཉམས་ལེན་འགྲན་བསྡུར་སྐབས་གཉིས་པའི་གདོང་མཆོང་རྣམ་པ་ཡིན་པ་རེད།  

    འགྲན་བསྡུར་ཆེ་མོའི་ཤན་འབྱེད་ཆེ་མོ་ཟླ་བ་ཚེ་རིང་གིས་འགྲན་བསྡུར་གྱི་ལམ་ཐག་ལ་སྤྱི་ལེ་21ཡོད་པ་དང་འགྲན་བསྡུར་ནང་ཞུགས་མཁན་110ཙམ་ཡོད་པ་ཚང་མ་ལས་ཞོར་བདམས་ཐོན་པ་ཤ་སྟག་རེད་ཅེས་བཤད།

    ལོ་66ལ་སླེབས་པའི་བསྟན་སྒྲོན་ལགས་ནི་ད་རེས་འགྲན་བསྡུར་ཁྲོད་ཀྱི་ལོ་ན་མཐོ་ཤོས་དེ་ཡིན་པ་དང་ལས་འཁྱུར་ངལ་གསོ་མ་བརྒྱབ་གོང་ཁ་ལོ་བ་ཡིན་པའི་བསྟན་སྒྲོན་ལགས་ད་ཆ་རྐང་འཁོར་དང་ཁ་འབྲལ་ཐབས་མེད་པ་དང་ཁོང་གིས“རྐང་འཁོར་བཞོན་ནས་སྐྱོད་ཚེ་བདེ་ཐང་ལ་ཕན་པ་མ་ཟད། ཁོར་ཡུག་སྲུང་སྐྱོང་ཐུབ་པས་བོད་དུ་དར་ཁྱབ་ཆེན་པོ་བྱུང་ཡོད”ཅེས་བཤད།

    སྟོད་ལུང་བདེ་ཆེན་ཆུས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་རྣམ་གྲོལ་ཆོས་ཉིད་ཀྱིས་འདི་ལོའི་ཟླ་1པོར་མཚུར་ཕུ་ལུང་ཤུར་དུ་རྐང་འཁོར་གྱི་ཉམས་ལེན་འགྲན་བསྡུར་འགོ་བཙུགས་པ་དང“ཐཱན་ཉུང་དང་ལྗང་མདོག་གི་འཚོ་བ་སྐྱེལ་སྟངས་ཁྱབ་སྤེལ་བཏང་བ་དང་ཆབས་ཅིག་འགྲན་བསྡུར་ཆེ་མོས་ཀྱང་ལུས་རྩལ་དང་ཡུལ་སྐོར་ཟུང་དུ་འབྲེལ་བའི་ཁྱད་ལྡན་སྤུས་རྟགས་གཏོད་རྒྱུར་གཞོལ་ནས་ཞིང་པ་དེ་བས་མང་བར་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་འཕར་རྒྱུའི་ཁྲིད་སྟོན་བྱས་ཡོད”ཅེས་ངོ་སྤྲོད་བྱས།

    ལོ་32ལ་སླེབས་པའི་སྣ་མཁར་གྲོང་ཚོའི་གྲོང་མི་དབང་ནན་གྱིས་གྲོང་མིའི་མཉམ་ལས་ཁང་གིས་ཐོན་སྐྱེད་བྱས་པའི་སྤོས་འགྲན་བསྡུར་ཆེ་མོ་བྱ་ཡུལ་གྱི་ཁྱད་ལྡན་ཡུལ་སྐོར་ཚོང་ཟོག་འགྲེམས་ཚོགས་ཐོག་འཁྱེར་ཡོད། མཉམ་ལས་ཁང་ལ་ན་ནིང་སྤོས་བཙོངས་པའི་ཡོང་འབབ་སྒོར་ཁྲི་7བྱུང་བས་དབང་ནན་གྱིས་འདི་ལོ་ཡོང་འབབ་དེ་བས་མང་བ་ཡོང་གི་རེད་སྙམ། ཁོང་གིས“སྟོད་ལུང་གི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བྱུང་ཚེ་ང་ཚོའི་ཐོན་ཟོག་ཕྱིར་ཚོང་ཐུབ་རྒྱུར་སེམས་ཁྲལ་མེད”ཅེས་བཤད།

    བོད་པའི་སུར་པན་དམར་འདུར་འགྲེམས་ཚོང་བྱེད་མཁན་གཞོན་ནུ་ཁེ་ལས་མཁས་ཅན་ཚེ་རིང་རྡོ་རྗེས“རྐང་འཁོར་འགྲན་བསྡུར་ནི་དྲིལ་བསྒྲགས་ཀྱི་གོ་སྐབས་ཡག་པོ་ཞིག་རེད”ཅེས་བཤད། ཁོང་གི་སྟོད་པ་ཚང་ཡུལ་ཟོག་ཐོན་རྫས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སི་དེ་སྟོད་ལུང་བདེ་ཆེན་ཆུས་ཀྱི་མཉམ་ལས་ཁང་བརྒྱད་མཉམ་འབྲེལ་ཐོག་བཙུགས་པ་ཞིག་ཡིན་པ་དང་དུས་བཀག་ཐོག་ས་གནས་དེ་གའི་ཞིང་འབྲོག་དུད་ཚང་ལྔ་སྟོང་ཙམ་གྱི་ས་ནས་མ་བཅོས་རྒྱུ་ཆ་ཉོས་ཏེ་ས་གནས་དེ་གའི་མང་ཚོགས་ཚོར་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཁྲོད་ནས་ཡོང་འབབ་ཡོང་བ་བྱེད་ཀྱི་ཡོད།

    རྣམ་གྲོལ་ཆོས་ཉིད་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཆུས་སྲིད་གཞུང་གིས་ད་དུང་གྲོང་གསེབ་ཀྱི་ཡུལ་སྐོར་དང་དམངས་སྲོལ་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས“ལྷ་སའི་དུད་ཚང”ཞེས་པའི་ཞིང་འབྲོག་སྤྲོ་སྐྱིད་ཁང་འཛུགས་མཁན་ཁྱིམ་ཚང་ལ་གསོ་སྦྱོང་དང་ཁ་གསབ་རོགས་རམ་བྱས་ཏེ་ཡུལ་སྐོར་ལས་རིགས་ལ་བརྟེན་ནས་གནད་སྨིན་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་རེད། སྟོད་ལུང་བདེ་ཆེན་ཆུས་སུ་ད་ཆ་དུད་ཚང་དབུལ་པོ་1324ཡོད་པ་མང་ཆེ་བ་ཞིང་འབྲོག་ཁུལ་དུ་གནས་ཡོད། སྟོད་ལུང་གི་ཕུན་སུམ་ཚོགས་པའི་རིག་གནས་དང་སྣོད་བཅུད་ཐོན་ཁུངས་ཀྱིས་ཞིང་འབྲོག་པ་དབུལ་སྒྲོལ་ཐུབ་རྒྱུར་ཁ་ཕྱོགས་གསར་པ་གསལ་སྟོན་བྱས་ཡོད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001355409161