གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ ལ་ གཞི་ ཁྱོན་ ཆེ་ ཤོས་ ཀྱི་ རྐང་ རྩེད་ སྤོ་ ལོའི་ འགྲན་ བསྡུར་ གཉེར་ བ།

 
2016-07-26        གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་7ཚེས་23 ཉིན་ལུས་རྩལ་གྱི་ཆེད་གཏོང་གློག་འཕྲིན་འབྱོར་གསལ། ཚེས་23ཉིན། 2016ལོའི་བོད་ཀྱི་རྐང་རྩེད་སྤོ་ལོའི་ལེགས་སྐྱེས་འགྲན་བསྡུར་ལྷ་སར་འགོ་ཚུགས་པའི་ནང་། ལྷ་ས་དང་ཉིང་ཁྲི་སོགས་ས་ཁུལ་དང་གྲོང་ཁྱེར་བདུན་དང་ལྗོངས་ཐད་གཏོགས་ཁོངས་གཏོགས་སོགས་ཀྱི་རུ་ཁག་11གི་ལུས་རྩལ་པ་200ཙམ་ཞུགས་ཡོད་པ་ནི་ཉེ་བའི་ལོ་ཤས་ནང་བོད་ཀྱིས་གཉེར་བའི་གཞི་ཁྱོན་ཆེ་ཤོས་ཀྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཞིག་ཡིན། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཧུའུ་པིང་གིས་ད་ཐེངས་ཀྱི་རྐང་རྩེད་སྤོ་ལོའི་ལེགས་སྐྱེས་འགྲན་བསྡུར་ནི་བོད་ཀྱི་སྐབས་རིམ་བྱུང་གི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་ཞུགས་མཁན་མི་གྲངས་མང་ཤོས་དང་། ཁྱབ་རྒྱ་ཆེ་ཤོས། གཞི་ཁྱོན་ཆེ་ཤོས་བཅས་ཡིན། རྐང་རྩེད་སྤོ་ལོའི་འགྲན་བསྡུར་གཉེར་དོན་ནི་གྲོང་མིའི་ལས་ཞོར་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་སྟེ་རྐང་རྩེད་སྤོ་ལོར་དགའ་པོ་ཡོད་མཁན་རྣམས་ཕན་ཚུན་སྤེལ་རེས་ཡོང་བ་དང་མི་རིགས་དབར་གྱི་བརྩེ་སེམས་ཟབ་ཏུ་བཏང་ནས་བོད་ཀྱི་ལུས་རྩལ་བྱ་གཞག་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་ཡོང་རྒྱུར་སྐུལ་མ་གཏོང་ཆེད་ཡིན་ཞེས་བཤད། ལྷ་སའི་ས་བབ་མཐོ་བ་དང་གསོ་རླུང་དཀོན་པའི་ཆ་རྐྱེན་འོག་འགྲན་བསྡུར་བདེ་བླག་ངང་གཉེར་ཐུབ་ཆེད། འགྲན་བསྡུར་སྒྲིག་འཛུགས་ཨུ་ལྷན་གྱིས་ཉམས་མྱོང་ཕུན་སུམ་ཚོགས་པའི་སྨན་དོན་མི་སྣ་འགྲན་རར་བསྡད་ནས་སྤོ་ལོ་རྒྱག་མཁན་གྱི་གཟུགས་པོར་ལྟ་ཞིབ་ཁར། དུས་ཐོག་ཏུ་སྨན་བཅོས་ཞབས་ཞུ་སྒྲུབ་ཏུ་བཅུག་ཡོད་པ་རེད། བོད་དུ་རྐང་རྩེད་སྤོ་ལོར་དགའ་པོ་བྱེད་མཁན་མང་ཚོགས་ཧ་ཅང་མང་པོ་ཡོད། 2002ལོར་བོད་ཀྱིས་ལས་རིགས་ རྐང་རྩེད་སྤོ་ལོའི་རུ་ཁག་ཐོག་མར་བཙུགས་ནས་བོད་ཀྱི་རྐང་རྩེད་སྤོ་ལོའི་སྤུས་རྟགས་ཤིག་ཡོང་རེ་བྱས་ཀྱང་ཕྱིས་སུ་ཐོར་ནས་ལོ་བཅུ་ལྷག་ཙམ་མིང་གི་ལྷག་མར་གྱུར་རྗེས། 2015 ལོར་ལྷ་ས་ས་གཙང་རྐང་རྩེད་སྤོ་ལོའི་རུ་ཁག་བཙུགས་ནས་སླར་ཡང་འགྲན་བསྡུར་ནང་ཞུགས་འགོ་ཚུགས།

 

མཛའ་འབྲེལ་དྲ་བ།
010020070840000000000000011100001355409701