གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། ལྷ་ སའི་ ཀྲུང་ དབྱང་ རིམ་ པའི་ གནོད་ སེལ་ དངོས་ ཟོག་ གྲབས་ གསོག་ མཛོད་ དངོས་ སུ་ བེད་ སྤྱོད་ གཏོང་ འགོ་ ཚུགས་ པ།

 
2016-07-27        གསར་འགྱུར་འབྱུང་ཁུངས། བོད་སྐད་རླུང་འཕྲིན་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    བོད་རང་སྐྱོང་ལྗོངས་ལྷ་སའི་ཀྲུང་དབྱང་རིམ་པའི་གནོད་སེལ་དངོས་ཟོག་གྲབས་གསོག་མཛོད་ཁང་དེ་ཉེ་ཆར་དངོས་སུ་བེད་སྤྱོད་གཏོང་འགོ་ཚུགས་ནས། བོད་ལྗོངས་ཀྱི་གནོད་སེལ་དངོས་ཟོག་གྲབས་གསོག་མཛོད་ཁང་ནང་ནས་གཤོང་ཚད་ཆེ་ཤོས་དང་། གནོད་སེལ་དངོས་ཟོག་རིགས་གྲབས་གསོག་བྱེད་མང་ཤོས། དེང་རབས་ཅན་གྱི་དོ་དམ་བྱ་ཐབས་ཅུང་ལེགས་པའི་དངོས་ཟོག་གྲབས་གསོག་མཛོད་ཁང་ཤིག་ལ་འགྱུར་ཡོད་པ་རེད། དེས་བོད་ལྗོངས་ཡོངས་ཀྱི་གནོད་སེལ་དངོས་ཟོག་གྲབས་གསོག་འགན་སྲུང་དང་གནོད་སེལ་ལན་ཆའི་ནུས་པ་གོང་མཐོར་ཤུགས་ཆེན་གཏོང་རྒྱུ་དང་། བོད་ལྗོངས་དང་ཉེ་འཁོར་ཞིང་ལྗོངས་ཀྱི་གནོད་སེལ་གྲ་སྒྲིག་གནོན་ཤུགས་ཆུང་དུ་ཤུགས་ཆེན་གཏོང་རྒྱུ་ཡིན་པ་རེད།

    ལྷ་ས་ཀྲུང་དབྱང་རིམ་པའི་གནོད་སེལ་དངོས་ཟོག་གྲབས་གསོག་མཛོད་ཁང་ནང་མིག་སྔར་གུར་དང་སྲིང་བལ་ཉལ་ཆས། སྟོད་གོས་སོགས་རིགས་ཁག་གི་གནོད་སེལ་དངོས་ཟོག་༢འབུམ་༧ཁྲི་ལྷག་ཡོད་པ་རེད། གལ་ཏེ་གནོད་འཚེའི་གནས་ཚུལ་ཐོན་པ་ཡིན་ན། གནོད་སེལ་འཕྲལ་བསྟུན་དངོས་ཟོག་དེ་དག་ལྕགས་ལམ་དང་གཞུང་ལམ་སྐྱེལ་འདྲེན་བརྒྱུད་དུས་ཚོད་ཐུང་ངུའི་ནང་གནོད་འཚེ་ཕོག་ཁུལ་དུ་སྐྱེལ་འདྲེན་བྱས་ནས། རོགས་སྐྱོབ་ཁྱབ་ཁོངས་ནུས་ལྡན་སྒོ་ནས་ཆེ་རུ་གཏོང་རྒྱུ་དང་། གནོད་སེལ་གྱི་ལན་ཆའི་མྱུར་ཚད་མགྱོགས་སུ་གཏོང་རྒྱུ་ཡིན་པས། གནོད་སེལ་འཕྲལ་བསྟུན་ནུས་པ་གོང་མཐོར་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

 

མཛའ་འབྲེལ་དྲ་བ།
010020070840000000000000011100001355436661