གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅༎ཁག་ བདུན་ པའི་ བོད་ སྐྱོར་ ལས་ དོན་ སྟེ་ འབྱོར་ འབྲིང་ སྤྱི་ ཚོགས་ སྒོ་ ཀུན་ ནས་ བསྐྲུན་ ཚར་ བ་ བྱ་ རྒྱུར་ སྟོབས་ ཤུགས་ ཆེན་ པོ་ གཅིག་ སྡུད་ བྱུང་ བ།

 
2016-07-29        གསར་འགྱུར་འབྱུང་ཁུངས། བོད་སྐད་རླུང་འཕྲིན་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཀྲུང་དབྱང་རླུང་འཕྲིན་ཁང་ནས་གནས་ཚུལ་སྤེལ་གསལ། ཁག་བདུན་པའི་བོད་སྐྱོར་ལས་དོན་སྤེལ་ཚུན། ཀྲུང་དབྱང་གི་པུའུ་དང་ཨུ་ཡོན་ལྷན་ཁང་དང་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ཁག གཞུང་ཁོངས་ཁེ་ལས་བཅས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་ཐོན་ལས་རྣམ་གྲངས་ཁག་རེ་རེ་བཞིན་དོན་འཁྱོལ་བྱུང་བ་དང་། དམངས་ཀྱི་འཚོ་བའི་ལས་གཞི་རེ་རེར་གཡུར་ཟའི་གྲུབ་འབྲས་ཐོབ་པས། གངས་ལྗོངས་ས་མཐོའི་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་བྱུང་བ་དང་། དམངས་ཀྱི་འཚོ་བ་ཟམ་མི་ཆད་པར་ལེགས་བཅོས་བྱུང་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བཅས་བྱུང་ཡོད།

    ལོ་གསུམ་རིང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་རྨང་གཞི་འདིང་བ་དང་། རྒྱང་རིང་ལ་ཕན་པ། རྒྱབ་ཤུགས་ཆེ་བ་བཅས་འབུར་དུ་ཐོན་པ་དང་། ལེགས་བཅོས་བརྒྱུད་སྲོལ་རྒྱུན་གྱི་ཐོན་ཁུངས་རང་བཞིན་གྱི་ཐོན་ལས་རིམ་འཕར་བྱུང་བ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་བྱེད་པ་བཅས་བྱས་པས་བོད་ལྗོངས་ཀྱི་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་མ་ཐེབས་ཡོད།

    པེ་ཅིང་གྲོང་ཁྱེར་གྱི་ཐོན་ལས་བོད་སྐྱོར་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་པས་ད་ཆ་ལྷ་ས་གྲོང་ཁྱེར་གྱི་ལྷད་མེད་བདེ་ཐང་ཐོན་ལས་གོང་འཕེལ་མགྱོགས་པོ་བྱུང་བ་མ་ཟད། རྒྱལ་ཡོངས་སུ་ཁྱབ་ཐུབ་པ་དང་། པེ་ཅིང་དུ་ལྷ་སའི་ལྷད་མེད་ཐོན་རྫས་འགྲེམ་སྟོན་ཐིང་དྲུག་བཙུགས་ཟིན་ཡོད། དུས་མཚུངས་སུ་པེ་ཅིན་དང་ལྷ་སར་ཚོང་ཟོག་བསྡུ་རུབ་བྱས་པས་རིམ་རྩིས་བྱས་ན་ཉོ་ཚོང་བྱས་པར་དངུལ་གྲངས་སྒོར་བྱེ་བ་བརྒྱད་ལྷག་ཙམ་ཟིན་པ་དེས་ལྷ་སའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་གོང་འཕེལ་ལ་སྐུལ་ཁྲིད་ཆེན་པོ་ཐུབ་ཡོད། བོད་སྐྱོར་ཐབས་ལམ་བརྒྱུད་སྡེ་ཆིང་ཡོན་དང་། པིས་ཧྲུའེ་ཡོན་སོགས་གྲགས་ཅན་གྱི་ཁེ་ལས་ཁག་ཅིག་ལྷ་སར་བཙུགས་པ་དང་གྲགས་ཅན་གྱི་ཐོན་རྫས་ཁག་ཅིག་གསོ་སྐྱོང་ཐུབ་པ་དེའི་ཐོག་ནས་གོང་འཕེལ་གྱི་མི་མངོན་པའི་མདུན་ལྗོངས་མངོན་ཡོད།

    ནག་ཆུའི་འབྲོག་ལས་ཐོན་རྫས་ལས་སྣོན་དང་། བོད་སྨན། དབྱར་རྩྭ་དགུན་འབུ། ཡུལ་སྐོར་སོགས་ཁྱད་ལྡན་ཐོན་རྫས་འོས་སྦྱོར་དང་། ཀྲེ་ཅང་གི་ཚོང་པས་ནག་ཆུར་མ་འཇོག་བྱེད་པར་བསྐྱོད་རྒྱུར་ཡིད་འགུག་བྱེད་ཆེད། ཀྲེ་ཅང་ཞིང་ཆེན་གྱི་ཁག་བདུན་པའི་བོད་སྐྱོར་ལས་བྱེད་པས་བསྟུད་མར་ལོ་གསུམ་ནག་ཆུ་ས་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་དང་ཚན་པ་ཉིང་པོ་དུ་ཀྲེ་ཅང་གི་ངོ་འཕྲད་གྲོས་མོལ་ལ་ཞུགས་རྒྱུར་སྒྲིག་འཛུགས་བྱས་པ་དང་། ནག་ཆུའི་ཁྱད་ལྡན་ཐོན་རྫས་ཀྱི་སྐད་གྲགས་ཆོད་ཚད་ཤུགས་ཆེར་བཏང་ཡོད། མ་ཟད། ཆེད་མངག་ལིས་ཧྲུའེ་ཆིང་ཡོན་ནས་སྔོན་ཐོན་སྒྲིག་ཆས་ནང་འདྲེན་བྱས་པ་དང་། རིགས་གཅིག་མཁས་པ་གདན་ཞུ་བྱས་པ། ནག་ཆུར་སེར་ཤ་ལས་སྣོན་བཟོ་གྲྭ་བཙུགས་པས་ནག་ཆུའི་སེར་ཤ་ཧང་ཀྲའུ་གྲོང་མིའི་གསོལ་ལྕོག་སྟེང་སླེབས་པ་དང་། ཤང་ཀང་དུ་ཁྲོམ་ར་གཏོད་པས་དེ་ནག་ཆུའི་དམངས་ཕྱུག་ཐོན་ལས་ལ་གྱུར་ཡོད་པ་རེད།

    བསྡོམས་རྩིས་གྲངས་གཞི་ལས་མངོན་པར། བོད་རང་སྐྱོང་ལྗོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་བསྟུད་མར་ལོ་༢༣གྲངས་གནས་གཉིས་ཀྱི་ཐོག་ནས་འཕར་སྣོན་ཡོང་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་། སྤྱི་ལོ་༢༠༡༥ལོར་སྒོར་དུང་ཕྱུར་༡༠༢༦དང་བྱེ་བ་གསུམ་དང་ས་ཡ་དགུ་ཟིན་པ། དཔལ་འབྱོར་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོད་གཏོང་ཆོག་པའི་ཡོང་འབབ་སྒོར་ཉིས་ཁྲི་༥༤༥༧ཟིན་པ། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོད་གཏོང་ཆོག་པའི་ཡོང་འབབ་སྒོར་༨༢༤༤ཟིན་ཡོད་པས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བ་བྱ་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད་པ་རེད།  

མཛའ་འབྲེལ་དྲ་བ།
010020070840000000000000011100001355492921