གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། སྐབས་ དྲུག་ པའི་ པེ་ ཅིང་ (རྒྱལ་ སྤྱིའི )བོད་ རིག་ པ་ ཞིབ་ གྲོས་ ཚོགས་ འདུ་ ཟླ་ 8ཚེས་ 2ཉིན་ ནས་ ཚེས་ 4ཉིན་ བར་ འཚོག་ རྒྱུ་ ཡིན་ པ།

 
2016-07-29        གསར་འགྱུར་འབྱུང་ཁུངས། མི་དམངས་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཟླ་7ཚེས་25ཉིན་གསར་འགོད་པས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ནས་ཤེས་རྟོགས་བྱུང་བ་ལྟར་ན། སྐབས་དྲུག་པའི་པེ་ཅིང་(རྒྱལ་སྤྱིའི)བོད་རིག་པ་ཞིབ་གྲོས་ཚོགས་འདུ་ཟླ་8ཚེས་2ཉིན་ནས་ཚེས་4ཉིན་བར་པེ་ཅིང་དུ་འཚོག་རྒྱུ་ཡིན་པ་དང་། རྒྱལ་ཁབ་ཕྱི་ནང་གི་མཁས་པ་དང་ལྟ་དཔྱད་པ་325ཚོགས་འདུར་ཞུགས་རྒྱུ་རེད།

    ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཚན་རིག་ཞིབ་འཇུག་གཞུང་ལས་ཁང་གི་ཀྲུའུ་རེན་ལི་ཏེ་ཁྲེང་གིས་མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་ཞིབ་གྲོས་ཚོགས་འདུ་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་བཅས་ཀྱིས་མཉམ་དུ་གཙོ་གཉེར་གནང་ཞིང་། ཐེངས་འདིའི་ཞིབ་གྲོས་ཚོགས་འདུར་ཆེད་རྩོམ་300བདམས་ཐོན་བྱུང་བ་དང་། ཞིབ་གྲོས་བྱ་རྒྱུའི་ནང་དོན་ནི་བོད་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་ཁག་དང་འབྲེལ་བ་ཡོད་པ་སྟེ། དེང་རབས་ཀྱི་ཆབ་སྲིད་དང་། སྤྱི་ཚོགས་རིགས་བསྒྱུར་དང་འཕོ་འགྱུར། དཔལ་འབྱོར་འཕེལ་རྒྱས་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར། "ལམ་གཅིག་རྒྱུད་གཅིག"དང་ཨེ་ཤེ་ཡ་ལྷོ་མར་སྒོ་འབྱེད་པའི་བགྲོད་ལམ་གལ་ཆེན་འཛུགས་སྐྲུན་སོགས་ལ་ཁྱབ་ཡོད་པ་རེད།

    མཚམས་སྦྱོར་བྱས་པར་གཞིགས་ན། ཐེངས་འདིའི་ཞིབ་གྲོས་ཚོགས་འདུའི་བཀྲག་མདངས་འཚེར་ས་ནི་རིག་གཞུང་ཚན་ཁག་གི་ཞིབ་གྲོས་ཚོགས་ཆུང་བགོ་བའི་ཐད་ཡིན་ཞིང་། གཙོ་གཉེར་ཕྱོགས་ཀྱིས་དུས་འགོར་ཚོགས་ཆུང་བགོ་བ་འཆར་འགོད་གཏན་འབེབས་དང་མཁས་པས་རང་དབང་གིས་ཚོགས་ཆུང་བགོ་བ་འཆར་འགོད་གཏན་འབེབས་གཉིས་ཟུང་འབྲེལ་བྱས་ཏེ་རྒྱལ་ཁབ་ཕྱི་ནང་གི་མཁས་པ་ཚོར་བོད་རིག་པ་ཞིབ་འཇུག་གི་གྲུབ་འབྲས་གསར་ཤོས་སྤེལ་རེས་བྱེད་པའི་སྟེགས་བུ་བསྐྲུན་ནས་ཆེད་ལས་ཀྱི་རང་བཞིན་དང་རིག་གཞུང་གི་རང་བཞིན་སྔར་ལས་ཇེ་ཆེ་ལྡན་པའི་ཞིབ་གྲོས་བྱ་རྒྱུའི་ཁོར་ཡུག་ཅིག་སྐྲུན་ཐབས་བྱེད་ཆེད་རེད།

    ཞིབ་གྲོས་ཚོགས་འདུ་འཚོག་རིང་གཙོ་གཉེར་ཕྱོགས་ཀྱིས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བོད་ལྗོངས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་གི་སྤྲུལ་སྐུ་ཡང་སྲིད་སྐོར་གྱི་ཆེད་དོན་འགྲེམས་སྟོན་ལ་གཟིགས་ཞིབ་གནང་རྒྱུ་སྒྲིག་འཛུགས་བྱ་རྒྱུ་ཡིན་པ་མ་ཟད། མི་རིགས་ཀྱི་ལོ་རྒྱུས་དངོས་མཚོན་ཆེད་དོན་གློག་བརྙན་《མི་ཡུལ་གྱི་དག་ཞིང་》ཞེས་པ་ཐོག་མར་བསྟན་རྒྱུ་དང་། མིང་དང་ཆིང་རྒྱལ་རབས་ནས་བཟུང་པེ་ཅིང་དང་སོག་པོའི་ས་ཁུལ་གྱི་བོད་ཡིག་ཚད་ལྡན་ཡིག་ཆ་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་མང་པོ་སྤེལ་རྒྱུ་རེད།

    1991ལོ་ནས་ད་ལྟ་བར་དུ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་ཁེར་རྐྱང་ངམ་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་དང་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གཉིས་དང་མཉམ་དུ་རྒྱལ་སྤྱིའི་རང་བཞིན་གྱི་པེ་ཅིང་བོད་རིག་པ་ཞིབ་གྲོས་ཚོགས་འདུ་གཙོ་གཉེར་སྐབས་5གནང་བ་རེད།

    ལོ་20ལྷག་ཙམ་རིང་ལ་ཞིབ་གྲོས་ཚོགས་འདུ་འཚོག་པའི་གཞི་རྒྱ་རིམ་བཞིན་རྒྱ་སྐྱེད་བཏང་བ་དང་། རིག་གཞུང་ཆུ་ཚོད་རིམ་བཞིན་མཐོ་རུ་ཕྱིན་པ། རིག་གཞུང་གྲུབ་འབྲས་ཟམ་མ་ཆད་པར་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ། ཆ་འཕྲིན་སྤེལ་རེས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ། ཞིབ་གྲོས་བྱ་གཞི་རྒྱུན་ཆད་མེད་པར་མང་དུ་སོང་བ། ཞིབ་འཇུག་ཁྱབ་ཁོངས་ཟམ་མ་ཆད་པར་རྒྱ་བསྐྱེད་པ། ཚོགས་འདུའི་རིག་གཞུང་ཚན་ཁག་གི་ཚོགས་ཆུང་བགོ་སྟངས་ཉིན་བཞིན་ཞིབ་ཏུ་གྱུརཔ་བཅས་ཀྱིས་རིག་གཞུང་ལས་རིགས་དང་སྤྱི་ཚོགས་ལས་རིགས་ཁག་གིས་བོད་ཀྱི་ལོ་རྒྱུས་དང་རིག་གནས་ལ་རྒྱུས་ལོན་སྔར་ལས་གཏིང་ཟབ་བྱས་ཡོད་པ་མ་ཟད། རྒྱལ་སྤྱི་ཐོག་རང་རྒྱལ་སྲིད་གཞུང་གི་བོད་སྐྱོང་སྲིད་ཇུས་དང་བོད་ལྗོངས་ལ་ངོས་འཛིན་ནོར་འཁྲུལ་བྱས་ཚུལ་ཡོ་བསྲང་བྱས་པ་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། 

མཛའ་འབྲེལ་དྲ་བ།
010020070840000000000000011100001355497651