གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ ལྗོངས་ ཀྱི་ དགེ་ འདུན་ པ་ བཅུས་ བོད་ བརྒྱུད་ ནང་ བསྟན་ གྱི་ ཡོན་ གནས་ མཐོ་ ཤོས་ ལ་ བརྩོན་ ལེན་ བྱ་ རྒྱུ་ ཡིན་ པ།

 
2016-08-15        གསར་འགྱུར་འབྱུང་ཁུངས། བོད་སྐད་རླིུང་འཕྲིན་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    སྤྱི་ལོ་༢༠༡༧ལོའི་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པའི་དགེ་བཤེས་ལྷ་རམས་པའི་ཡོན་གནས་ཐོབ་པ་བྱེད་པའི་གྲ་སྒྲིག་ཡིག་རྒྱུགས་སྤྱི་ཚེས་༡༢ཉིན་ལྷ་ས་དགའ་ལྡན་དགོན་དུ་བཏང་བ་དང་། ལྷ་ས་དང་། གཞིས་རྩེ། ཆབ་མདོ། ནག་ཆུ་བཅས་ནས་ཕེབས་པའི་དགེ་འདུན་པ་བཅུས་ཡིག་རྒྱུགས་ནང་ཞུགས་གནང་ཡོད། བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་མདོ་ཕྱོགས་ཀྱི་དགེ་བཤེས་ཡོན་གནས་རིམ་པ་བཞི་ལ་དབྱེ་ཡོད་པ་སྟེ། ཁག་སོ་སོར་མཐོ་རམས་པ་དང་། ལིན་སི། མཚོ་རམས་པ། ལྷ་རམས་པ་བཅས་ཡིན། དེའི་ཁྲོད། དགེ་བཤེས་ལྷ་རམས་པ་ནི་ཡོན་གནས་མཐོ་ཤོས་ཡིན་ཞིང་། དེང་རབས་སློབ་གསོའི་ནང་བསྟན་རིག་པའི་འབུམ་རམས་པའི་སློབ་གནས་དང་གཅིག་པ་ཡིན། དེ་ནི་དགེ་ལུགས་པའི་དགེ་འདུན་པ་ཚང་མའི་དམིགས་ཚད་ཡིན། རྒྱུན་སྲོལ་ལྟར་ན། དགེ་བཤེས་ལྷ་རམས་པའི་ཡོན་གནས་ཐོབ་པ་བྱེད་པའི་མཛད་སྒོ་དེ་དབྱར་དུས་ཀྱི་གྲ་སྒྲིག་ཡིག་རྒྱུགས་དང་རྟགས་གསལ་གཏོང་བའི་ལྷུ་ཚིགས་གཉིས་བརྒྱུད་དགོས་པ་དང་སྤྱིར་དེ་གཉིས་ལོ་གཉིས་ནང་གཏོང་གི་ཡོད། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་སློབ་སྟོན་ཁྲུའི་ཁྲུའུ་ཀྲང་སྤེན་པས། ད་ཐེངས་ཀྱི་དབྱར་དུས་གྲ་སྒྲིག་ཡིག་རྒྱུགས་ནང་ཞུགས་མཁན་དགེ་འདུན་པ་བཅུ་པོ་དེ་དག་ཚང་མ་དགོན་པ་ཁག་གིས་གཟབ་ནན་ངང་བདམས་པ་ཤ་སྟག་ཡིན་པས་ནང་བསྟན་རིག་པའི་ཡོན་ཚད་མཐོ་པོ་ལྡན་ཡོད་ཅེས་བསྟན་པ་རེད།

 

 

མཛའ་འབྲེལ་དྲ་བ།
010020070840000000000000011100001355993821