གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ ལྗོངས་ ཀྱི་ སློབ་ གསོའི འགན་ ལེན་ གསུམ གྱི་ ཚད་ གཞི་ སླར་ ཡང་ མཐོ་ རུ་ བཏང་ བ།

 
2016-09-08        གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    གསར་འགོད་པར་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་གསལ། འདི་ལོའི་སྟོན་དུས་ཀྱི་སློབ་དུས་འགོ་ཚུགས་པ་ནས་བཟུང་། བོད་ལྗོངས་ཀྱི་སློབ་གསོའི“འགན་ལེན་གསུམ”གྱི་འགྲོ་གྲོན་སློབ་མ་རེར་ལོ་རེར་སྒོར་3000ནས་སྒོར་3240བར་མཐོ་རུ་གཏོང་རྒྱུའི་ཁྲོད་མ་དངུལ་90%སློབ་མའི་ཟ་འཐུང་ཐད་སྤྱོད་རྒྱུ་ཡིན་པ་རེད།

    ནག་ཆུའི་འཁོར་མང་ཤང་ལྟེ་བའི་སློབ་ཆུང་གི་སློབ་སྤྱི་གཞོན་པ་འཆི་མེད་སྲི་ཐར་གྱིས“སློབ་གྲྭའི་ཟ་ཁང་གིས་རྟག་ཏུ་ཚལ་གྱི་སྣ་ཁ་བརྗེས་སྟབས་སློབ་མར་ཡུལ་དེ་ག་ནས་ཐོན་པའི་ཚགས་ཤ་དང་ལུག་ཤ་དང་འོ་བཟོས་བཟའ་བཅའ་བཟའ་རྒྱུ་ཡོད་པ་ཕུད། ད་དུང་སྔོ་ཚལ་དང་ཤིང་འབྲས་ཀྱང་བཟའ་རྒྱུ་ཡོད། སློབ་གྲྭའི་ཆ་རྐྱེན་ཡག་པོ་ཡོད་པས་སློབ་མ་སློབ་མཚམས་ཆད་མྱོང་མེད”ཅེས་བརྗོད། འཁོར་མང་ཤང་གི་ཆ་སྙོམས་ས་བབ་སྨི་5040ཡིན་པ་དང་། མཐོ་གྲང་དང་གསོ་རླུང་དཀོན་པ། གནམ་གཤིས་སྐམ་ཤས་ཆེ་རུང་། དྲོད་ཁང་དང་། ཁྲོན་པ། གཟུགས་པོ་ཁྲུད་ཁང་སོགས་ཀྱི་སྒྲིག་ཆས་ལས་སློབ་མའི་འཚོ་བ་དང་སློབ་སྦྱོང་ལ་འགན་ལེན་བྱུང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 1985ལོར་རིན་མེད་སློབ་གསོ་ལག་ལེན་བསྟར་བའི་རྨང་གཞིའི་ཐོག་བོད་ལྗོངས་ཀྱིས་ཞིང་འབྲོག་པའི་བུ་ཕྲུག་ལ་བཟའ་སྡོད་དང་སློབ་སྦྱོང་གི་འགྲོ་གྲོན་འགན་ལེན་བྱས་ཏེ“འགན་ལེན་གསུམ”གྱི་སྲིད་ཇུས་ལག་ལེན་བསྟར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་ལ་ཚད་གཞི་གཅིག་མཚུངས་ཀྱི་སློབ་སྐྱོར་མ་དངུལ་ལམ་ལུགས་དང་ནོར་སྲིད་ཁ་གསབ་སྲིད་ཇུས་ལག་ལེན་བསྟར་བ་རེད།

    ད་ཕན་ལོ་ཤས་ནང་། བོད་ལྗོངས་ཀྱིས“འགན་ལེན་གསུམ”གྱི་ཚད་གཞི་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་འདི་ལོའི་སྟོན་དུས་ཀྱི་སློབ་དུས་གསར་པའི་ཚད་གཞི་དེ་1985ལོའི་སྐབས་ལས་ལྡབ་11གིས་མཐོ་རུ་ཕྱིན་ཞིང་། མིག་སྔར“འགན་ལེན་གསུམ”གྱི་སྲིད་ཇུས་དེ་སློབ་ཞུགས་གོང་གི་ལོ་གསུམ་གྱི་བྱིས་པའི་སློབ་གསོ་ནས་མཐོ་རིམ་སློབ་འབྲིང་དང་འབྲིང་རིམ་ལས་རིགས་དུས་མཚམས་བར་ཁྱབ་ཁར་སྲིད་ཇུས་དེ་ཞིང་འབྲོག་པའི་བུ་ཕྲུག་དང་དེ་བཞིན་གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་ལ་ཕྱོགས་ཡོད་པ་རེད།

    བོད་ལྗོངས་ཀྱི་སློབ་གསོའི་ཐད་ཀྱི་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་སྦྲགས“འགན་ལེན་གསུམ”གྱི་སྲིད་ཇུས་དེ“གདམ་གའི་རང་བཞིན་གྱི་འགན་ལེན”ནས“ཡོངས་ཁྱབ་རང་བཞིན་གྱི་འགན་ལེན”བར་བསྒྱུར་ཏེ་ཞིང་འབྲོག་པའི་བུ་ཕྲུག་དང་དེ་བཞིན་གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་ཚང་མར་ཁྱབ་ཡོད།    

 

མཛའ་འབྲེལ་དྲ་བ།
010020070840000000000000011100001356716521