གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ ལྗོངས་ མངའ་ རིས་ ཀྱི་ སྔོ་ ཚལ་ ཐད་ ཚོང་ ཁང་ གིས་ མང་ ཚོགས་ ལ་ སྔོ་ ཚལ་ དཀོན་ པའི་ གནད་ དོན་ ཐག་ གཅོད་ བྱ་ རྒྱུ།

 
2016-09-09        གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཀྲུང་དབྱང་རླུང་འཕྲིན་ཁང་ནས་གནས་ཚུལ་སྤེལ་གསལ། བོད་ལྗོངས་མངའ་རིས་ས་ཁུལ་གྱི་སྔོ་ཚལ་ལས་གཞིའི་དམངས་ཕན་སྔོ་ཚལ་ཐད་ཚོང་ཁང་གི་རྣམ་གྲངས་དེ་ཉིན་ཤས་གོང་སེང་གེ་ཁ་འབབ་གྲོང་རྡལ་དུ་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་། དེས་ས་གནས་དེ་གའི་མང་ཚོགས་ལ་སྔོ་ཚལ་དཀོན་པའི་གནད་དོན་ཞི་ལྷོད་དུ་གཏོང་ཐུབ་རྒྱུ་རེད།

    མངའ་རིས་ས་ཁུལ་གྱི་ཆ་སྙོམས་ས་བབ་མཐོ་ཚད་ལ་སྨི་༤༥༠༠ཡོད་པ་དང་། གནས་དེར་འཛམ་གླིང་ཡང་རྩེའི་ཡང་རྩེ་ཞེས་གྲགས། དུས་ཡུན་རིང་པོའི་ནང་མངའ་རིས་ས་ཁུལ་གྱི་སྔོ་ཚལ་དག་གཙོ་བོར་ལྷ་ས་དང་ཤིན་ཅང་སོགས་ནས་དབོར་དགོས་པ་དང་། སྐྱེལ་འདྲེན་མ་གནས་མཐོ་བས་ཚལ་རིན་ཧ་ཅང་མཐོ་པོ་ཡོད་པ་དང་། ཚལ་རིགས་མང་པོའི་རིན་གོང་ལྷ་ས་ལས་ལྡབ་གཅིག་གིས་མཐོ་བ་ཡོད་པ་རེད།

    དཀའ་གནད་དེ་ཐག་གཅོད་བྱེད་ཆེད། སྤྱི་ལོ༢༠༡༥ལོར་མངའ་རིས་ས་ཁུལ་གྱིས་ཚོང་འགུགས་མ་འདྲེན་གྱི་ཐབས་ལམ་བརྒྱུད་ནས་སྒར་རྫོང་དུ་སྐྱེ་ཁམས་ཞིང་ལས་ཐོན་ལས་ཁུལ་བསྐྲུན་པ་དང་། ཁུལ་དེའི་ནང་ནུས་འབྲས་མཐོ་བའི་སྔོ་ཚལ་ཐོན་སྐྱེད་ཁུལ་དང་། ཁྱད་ལྡན་གསོ་ཚགས་ཁུལ། སྐྱེ་ཁམས་བལྟ་སྐོར་སྤྲོ་གསེང་ཁུལ། དེང་རབས་ཞིང་ལས་ལག་རྩལ་འགྲེམས་སྟོན་ཁུལ་བཅས་ཡོད་ཅིང་། འཆར་གཞི་ལྟར་ན་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གསུམ་དང་ས་ཡ་ལྔ་གཏོང་རྒྱུ་དང་། ཉི་འོད་དྲོད་ཁང་དྲུག་ཅུ་རེ་གཉིས་བསྐྲུན་རྒྱུ་རེད།

    མིག་སྔར་སྐྱེ་ཁམས་ཞིང་ལས་ཐོན་ལས་ཁུལ་གྱིས་མ་དངུལ་སྒོར་བྱེ་བ་བདུན་བཏང་ཟིན་པ་དང་། དྲོད་ཁང་བཅུ་གསུམ་བསྐྲུན་ཡོད་ཅིང་། དེས་སེང་གེ་ཁ་འབབ་གྲོང་རྡལ་གྱི་སྔོ་ཚལ་དང་ཤ་རིགས་ཀྱི་དགོས་མཁོ་ཐོག་མའི་ཆ་ནས་སྐོངས་ཐུབ་ཡོད་པ་རེད། ལས་གཞི་ཚང་མ་ལེགས་གྲུབ་བྱུང་རྗེས་མངའ་རིས་ས་ཁུལ་གྱིས་སྔོ་ཚལ་ཐད་ཚོང་ཁང་ཉི་ཤུ་རྩ་གསུམ་བསྐྲུན་ནས། སེང་གེ་ཁ་འབབ་གྲོང་རྡལ་དང་དེའི་ཉེ་འཁོར་རྫོང་གྲོང་གི་སྔོ་ཚལ་དང་ཤ་རིགས་ཀྱི་དགོས་མཁོ་སྐོངས་ཐུབ་པ་བྱ་རྒྱུ་དང་། ཆབས་ཅིག་ས་གནས་དེ་གའི་སྔོ་ཚལ་གྱི་རིན་པ་བརྒྱ་ཆ་སུམ་ཅུ་སོ་ལྔ་ཙམ་ཆག་རེ་ཡོད་པ་རེད།

    

མཛའ་འབྲེལ་དྲ་བ།
010020070840000000000000011100001356749111