གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ ལྗོངས་ ཀྱི་ གྲོང་ ཚོ་ གསུམ་ སྤྱི་ ལོ༢༠༡༦ལོའི་ ཀྲུང་ གོའི་ མཛེས་ སྡུག་ སྤྲོ་ གསེང་ གྲོང་ ཚོར་ བདམས་ ཐོན་ བྱུང་ བ།།

 
2016-09-09        གསར་འགྱུར་འབྱུང་ཁུངས། བོད་ལྗོངས་འཕྲིན་དྲ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཉེ་དུས། བོད་ལྗོངས་ཀྱིས་འོས་སྦྱོར་བྱས་པའི་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་མག་མག་གྲོང་ཚོ་དང་ཉིང་ཁྲི་གྲོང་ཁྱེར་སྤོ་མེས་རྫོང་རྦ་ཁ་གྲོང་ཚོ། ལྷ་ས་གྲོང་ཁྱེར་སྣེའུ་གསར་སྤེལ་ཁུལ་སྟག་གདོང་གྲོང་ཚོ་བཅས་ཞིང་ལས་པུའི་སྤྱི་ལོ ༢༠༡༦ ལོའི་ཀྲུང་གོའི་མཛེས་སྡུག་སྤྲོ་གསེང་གྲོང་ཚོ་ཞེས་པར་བདམས་ཐོན་བྱུང་ཡོད་པ་དང་། གྲོང་ཚོ་དེ་གསུམ་པོ་ནི་བོད་ཀྱི་ཁྱད་ལྡན་དམངས་སྲོལ་དང་ལོ་རྒྱུས་རིག་གནས་ལྡན་པའི་གྲོང་ཚོ་ཡིན་པ་དང་། གྲོང་ཚོ་དེ་དག་གི་ཁོར་ཡུག་ལྟ་ན་སྡུག་པ་དང་གྲོང་མི་རྣམས་བདེ་སྡོད་ལས་ཞེན་དང་འབབ་འཕར་ཡོང་བཞིན་ཡོད་པས། བོད་ཀྱི་གྲོང་གསེབ་ཡུལ་སྐོར་གྱིས་རྒྱལ་ཁབ་ཕྱི་ནང་ལ་ཁ་ཕྱོགས་པའི་ཁག་དང་པོའི་ཡུལ་སྐོར་དམིགས་སར་སྐྲུན་ཐུབ་བཟོ་ཡོད།

    རང་སྐྱོང་ལྗོངས་ཡུལ་སྐོར་གོང་འཕེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཝང་སུང་བིང་ནས། བོད་ཀྱི་སྐྱེས་ཁམས་ཁོར་ཡུག་ལ་གཏོར་སྐྱོན་འཕོག་སླ་བ་དང་བཟོ་ལས་ཅན་དང་གྲོང་ཁྱེར་ཅན་གྱི་ཆུ་ཚད་མཐོ་པོ་མེད་ཀྱང་དམིགས་བསལ་ཁྱད་ཆོས་ལྡན་པའི་རི་ཆུ་དང་རིག་སྐྲུན་ཡུལ་སྐོར་ཐོན་ཁུངས་མང་པོ་ཡོད་པས། ཡུལ་སྐོར་ལས་རིགས་འཚོ་གནས་གོང་འཕེལ་གྱི་དངོས་པོའི་རྨང་གཞི་གལ་ཆེན་དུ་གྱུར་ཡོད་ཅེས་གསུངས།

    ངོ་སྤྲོད་བྱས་པར་གཞིགས་ན། ད་བར། རང་ལྗོངས་སུ་སྐར་མ་རིམ་པའི་ཁྱིམ་ཚང་མགྲོན་ཁང་ ༨༡༢ ཡོད་པ་དང་ཡུལ་སྐོར་སྣེ་ལེན་ཞབས་ཞུའི་ལས་ཀ་བྱེད་མཁན་ཞིང་འབྲོག་མང་ཚོགས་ཁྲི་ཚོ ༩.༧ ཟིན་གྱི་ཡོད་པར་ལོ་རེར་ཆ་སྙོམས་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་ཚོ ༡ ལྷག་ཙམ་ཟིན་གྱི་ཡོད་ཅིང་། ཁྱོན་མ་དངུལ་སྒོར་དུང་ཕྱུར ༦ བཏང་བའི་ལྗོངས་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་དང་ཡུལ་སྐོར་དབུལ་སྐྱོར་འཛུགས་སྐྲུན་རྣམ་གྲངས་ཀྱིས་དབུལ་ཕོངས་མང་ཚོགས་ཁྲི་ཚོ ༤ ལ་ཕན་པ་ཐོབ་ཡོད།།

མཛའ་འབྲེལ་དྲ་བ།
010020070840000000000000011100001356749231