གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ ཀྱི་ ཁྱད་ ལྡན་ ཐོན་ རྫས་ གཅིག་ བསྡུས་ ཐོག་ པེ་ ཅིན་ དུ་ འགྲེམས་ སྟོན་ བྱས་ པ།

 
2016-09-19        གསར་འགྱུར་འབྱུང་ཁུངས། བོད་སྐད་རླུང་འཕྲིན་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ལྷ་སའི་ས་གཙང་བདེ་འཐང་ཐོན་ལས་ཀྱི་སྣེ་འཁྲིད་བྱས་པའི་བོད་ཀྱི་ཁེ་ལས་༡༥དང་ཐོན་རྫས་རིགས་༨༡ཉེ་དུས་པེ་ཅིང་གྲོང་ཁྱེར་ཁ་གཏད་རོགས་སྐྱོར་ས་ཁུལ་གྱི་ཁྱད་ལྡན་ཐོན་རྫས་ཚོང་འདུས་ཐོག་འགྲེམས་སྟོན་བྱས་ཡོད་པ་རེད།པེ་ཅིན་འགྲེམ་སྟོན་ཁང་དུ་ཚོང་འདུས་ལ་བལྟ་བར་འཕེབས་མཁན་གྱི་སྐུ་མགྲོན་གྱིས་ཡུལ་དངོས་ནས་བོད་ཀྱི་ཁྱད་ལྡན་ཐོན་རྫས་ཉོ་ཐུབ་ཀྱི་ཡོད།

    ཐེངས་འདིའི་བོད་ཀྱི་ཚོང་འགྲེམས་ཀྱི་ཐོན་རྗས་དག་བདེ་ཐང་སྦག་མེད་ཚོང་རྟགས་གཙོ་བོ་བྱས་ཡོད་པ་དང་ཐོན་རྫས་རིགས་གྲས་སུ་འབྲི་གཡག་གི་ཐོན་རྫས་དང་ཁུ་ལུའི་ཐོན་རྫས། ཁ་གདན། ས་མཐོའི་འོ་བཟོས་ཐོན་རྫས། ས་མཐོའི་དྭངས་གཙང་འཐུང་ཆུའི་རིགས། བོད་སྤོས་དང་བོད་སྨན་སོགས་ཚུད་ཡོད། ཚོང་འདུས་ཐོག གནའ་ཉམས་དོད་པའི་བོད་བཟོའི་ཁྱིམ་ཆས་དང་ འབོ། སྒྲ་བརྙན། ཁོག་སྟེར། སྤོས་གཞོང་སོགས་ཀྱིས་ལྷ་སའི་འགྲེམས་ཁང་དེ་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པ་ཞིག་ཏུ་གྱུར་ཡོད། དེ་མིན་ད་དུང་། བོད་ཀྱི་དངོས་མིན་རིགས་གནས་ཤུལ་བཞགས་བརྒྱུད་འཛིན་པས་འགྲེམ་སྟོན་ཐོག་བོད་སྤོས་བཟོ་བསྟང་དང་ཐང་ཁ་འབྲི་སྟངས་ཀྱི་རྒྱུད་རིམ་ངོ་སྤྲོད་བྱས་ཡོད་པ་དེས་གཟིགས་མོ་བ་ཚོར་བོད་རིགས་ཀྱི་རིག་གནས་ཀྱི་རྣམ་པ་ཇི་བཞིན་མངོན་པར་བྱས་ཡོད།

   

མཛའ་འབྲེལ་དྲ་བ།
010020070840000000000000011100001356964971