གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། གངས་ ལྗོངས་ སྨན་ རྩིས་ རིག་ མཛོད་ ཆེ་ མོ་ ཞེས་ པ་ དཔེ་ སྐྲུན་ འགྲེམ་ སྤེལ་ བྱས་ པ།

 
2016-10-28        གསར་འགྱུར་འབྱུང་ཁུངས། བོད་ལྗོངས་འཕྲིན་དྲ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

     ཉིན་ཤས་གོང་། གསར་འགོད་པར་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྨན་རྩིས་ཁང་བཙུགས་ནས་ལོ་ངོ་ ༡༠༠ འཁོར་བའི་སྐབས་སུ་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་རྩོམ་སྒྲིག་ལེགས་སྒྲུབ་བྱས་པའི་གངས་ལྗོངས་སྨན་རྩིས་རིག་མཛོད་ཆེ་མོ་ཞེས་པ་ཕྱག་རྟགས་དཔེ་དེབ་ཡིན་པའི་ངོས་ནས་དཔར་ཕུད་འགྲེམ་སྤེལ་བྱས་པ་དང་། དེ་སྔོན་ཕོ་བྲང་དང་དགོན་སྡེར་ཉར་ཚགས་བྱེད་པའི་རྩ་ཆེའི་དཔེ་དེབ་མང་པོ་ཞིག་དང་དམངས་ཁྲོད་དུ་ཁ་ཐོར་བའི་དཔེ་རྒྱུན་དཀོན་རིགས་དང་གནའ་དཔེ་རྩ་ཆེན། དེ་བཞིན་རྒྱ་ཡིག་ནས་སྒྱུར་བའི་རྩ་ཆེའི་གནའ་དཔེ་ཁག་ཅིག་ཐེངས་དང་པོ་སྤྱི་ཚོགས་སུ་འགྲེམས་སྤེལ་བྱས་ཡོད་པས། དེ་དག་གི་རིག་གཞུང་ཞིབ་འཇུག་དང་ཉར་ཚགས་ཀྱི་རིན་ཐང་འཛམ་གླིང་ན་མཐོང་དཀོན་པ་ཞིག་རེད། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གནམ་རིག་སྐར་རྩིས་ཞིབ་འཇུག་ཟོའོ་ཡི་ཞིབ་འཇུག་པ་གཞོན་པ་ཚེ་རྡོར་གྱིས་ངོ་སྤྲོད་གནང་བར་གཞིགས་ན། ལོ་གཉིས་ནང་། གངས་ལྗོངས་སྨན་རྩིས་རིག་མཛོད་ཆེ་མོ་ཞེས་པར་ཁྱོན་རྣམ་གྲངས་མ་དངུལ་སྒོར་ཁྲི་ཚོ ༡༧༠༠ ཙམ་བཏང་ཡོད་པ་དང་། གངས་ལྗོངས་སྨན་རྩིས་རིག་མཛོད་ཆེ་མོ་ཞེས་པ་དེ་བོད་ལུགས་གསོ་རིག་དང་བོད་སྨན། གནམ་རིག་སྐར་རྩིས། རྩོམ་ཡིག་གཅེས་བཏུས་བཅས་རིགས་གསུམ་ལ་དབྱེ་ཡོད་པའི་ནང་། བོད་ལུགས་གསོ་རིག་དང་བོད་སྨན་སྐོར་གྱི་པོ་ཏི ༨༣ དང་གནམ་རིག་སྐར་རྩིས་སྐོར་གྱི་པོ་ཏི ༤༦ རྩོམ་ཡིག་གཅེས་བཏུས་ཀྱི་པོ་ཏི ༡ བཅས་ཡོད། །    

མཛའ་འབྲེལ་དྲ་བ།
010020070840000000000000011100001357870581