གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། ཟླ་ དང་ པོ་ ནས་ བརྒྱད་ པ་ བར་ བོད་ ལྗོངས་ སུ་ དབུལ་ པོ་ མི་ ཁྲི་ 2ལྷག་ ཙམ་ ལས་ ཞུགས་ ཐུབ་ པ་ བྱས་ པ།

 
2016-10-28        གསར་འགྱུར་འབྱུང་ཁུངས། བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    འདི་ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་གྱི་སྤྱིའི་བཀོད་སྒྲིག་ལ་གཞིགས་ནས་བོད་རང་ལྗོངས་ཀྱི་རིམ་ཁག་མི་ཤུགས་ཐོན་ཁུངས་དང་། སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་དབུལ་པོ་དབུལ་པོའི་གནས་ལས་སྒྲོལ་བའི་གོམ་སྟབས་མགྱོགས་སུ་བཏང་ནས་ཟླ་དང་པོ་ནས་བརྒྱད་པ་བར་བོད་ལྗོངས་ཡོངས་སུ་དབུལ་པོ་མི་ཁྲི་2.29གསོ་སྦྱོང་བྱས་ནས་བོད་རང་སྐྱོང་ལྗོངས་ཀྱིས་དཀྲིས་པའི་ལས་འགན་གྱི་73བསྒྲུབས་པས་དབུལ་པོ་ཁྲི་2ལྷག་ཙམ་ལས་ཞུགས་ཐུབ་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ནས་བོད་རང་སྐྱོང་ལྗོངས་ཀྱིས་2016ལོའི་ལས་ཞུགས་དབུལ་སྒྲོལ་ལག་བསྟར་ཇུས་གཞི་དང་། དམངས་གཉེར་ཁེ་ལས་ཀྱིས་མི་དབུལ་པོའི་ལས་ཞུགས་ལ་སྐུལ་མ་གཏོང་བ། གཞུང་ཁོངས་ཁེ་ལས་ཀྱིས་དབུལ་པོ་ལས་ཀར་བསྡུ་བ་སོགས་ཀྱི་སྲིད་ཇུས་དང་བྱ་ཐབས་སྔ་རྗེས་སུ་བཏོན་པས། མི་དབུལ་པོ་གསོ་སྦྱོང་དང་ལས་ཞུགས་ལས་དོན་ཏན་ཏིག་བསྒྲུབ་རྒྱུར་སྲིད་ཇུས་ཀྱི་འགན་ལེན་ཐུབ་ཡོད།

    རིམ་ཁག་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་དང་ས་གནས་ཀྱི་དབུལ་སྐྱོར་སྡེ་ཚན་དབར་སྦྲེལ་མཐུད་བྱས་པའི་ཁར། “གནད་སྨིན་དང་། ཁ་གསལ། བབ་བསྟུན་བཅས་ཡོང་བ་བྱ་རྒྱུའི”བླང་བྱ་ལྟར་ཡིག་ཚགས་དང་གཱ་བཟོས་པའི་ཚོགས་སྤྱི་དབུལ་པོའི་ཁྲོད་ངལ་རྩོལ་ནུས་ཤུགས་ལྡན་པ་དག་གི་ཕོ་མོ་དང་། ལོ་ན། སློབ་རྒྱུས། ལས་ཞུགས་ལས་གཏོད་ཀྱི་དགོས་མཁོ་སོགས་རྩ་བའི་གནས་ཚུལ་ཤེས་པར་བྱས་པ་དང་། ཞིང་འབྲོག་དང་དབུལ་སྐྱོར་སོགས་སྡེ་ཚན་གྱི་གསོ་སྦྱོང་མ་དངུལ་སྤྱི་འདོམས་བསྡུ་སྒྲིལ་གྱིས་དབུལ་པོར་ཕྱོགས་པ་དང་ཆབས་ཅིག་གསོ་སྦྱོང་སྒྲིག་གཞིས་ཁས་ལེན་བྱེད་པའི་དོ་དམ་བྱ་ཐབས་བཏོན་ནས་བོད་ལྗོངས་ཡོངས་ནང་གནས་གཏན་འཁེལ་གྱི་གསོ་སྦྱོང་སྒྲིག་གཞི་65ཁས་ལེན་བྱས་པ་མ་ཟད། ཁྲོམ་རའི་དགོས་མཁོ་བཞིན་ཁྲིད་སྟོན་བྱས་པའི་ཁར། གསོ་སྦྱོང་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་མ་གཏོང་རྒྱུ་དམིགས་ཡུལ་དུ་བཟུང་སྟེ“ཁེ་ལས།མི་དབུལ་པོ”དང“ཁེ་ལས།མི་དབུལ་པོ།གསོ་སྦྱོང་སྒྲིག་གཞི”སོགས་ཀྱི་མངགས་ཐོ་དང་དམིགས་འཛུགས་ཀྱི་གསོ་སྦྱོང་བྱེད་སྟངས་ལ་བརྟེན་ནས་གསལ་འབྱེད་དཔྱད་ཞིབ་ལ་ཤུགས་སྣོན་བརྒྱབ་སྟེ་རྩལ་ནུས་ལ་བརྟེན་ནས་ལས་ཞུགས་ཐུབ་ཤུགས་ཆེ་རུ་བཏང་ཡོད། རིམ་ཁག་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་དབུལ་པོར་རིན་མེད་ཐོག་ནས་སྲིད་ཇུས་བློ་འདྲི་དང་། ལས་རིགས་མཛུབ་ཁྲིད། ལས་ཞུགས་འོས་སྦྱོར་སོགས་བྱེད་པའི་ཞབས་ཞུ་བསྒྲུབས་ཏེ་རྩལ་ནུས་དང་། ཆ་འཕྲིན། སྲིད་ཇུས། ལས་གནས་བཅས་ཤེས་སུ་བཅུག་ནས་ལས་ཞུགས་ཞབས་ཞུའི་མཐའ་མའི་འགག་གནད་སྒྲོལ་ཐུབ་པ་བྱས་ཡོད།

 

མཛའ་འབྲེལ་དྲ་བ།
010020070840000000000000011100001357870981