གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ ཀྱིས་ སྒྲིག་ ཁྲིམས་ ཞིབ་ བཤེར་ གྱི་ སྒྲིག་ གཞི་ སྒྱུར་ བཅོས་ རྒྱུན་ ཆད་ མེད་ པར་ ཟབ་ ཏུ་ བཏང་ བ།

 
2016-11-23        གསར་འགྱུར་འབྱུང་ཁུངས། མི་དམངས་ཉིན་རེའི་ཚགས་པར།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཀྲུང་དབྱང་སྒྲིག་ཨུད་ལྟ་ཞིབ་པུའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཀྱི་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་དང་རུལ་རྒོལ་ལས་དོན་སྤེལ་ཚུལ་ངོ་སྤྲོད་བྱས་པ་རེད། མིག་སྔའི་བར། བོད་རང་སྐྱོང་ལྗོངས་ཀྱི་རྫོང་(ཆུས་)74ཡི་སྒྲིག་ཨུད་ནང་སྒྲིག་ཁྲིམས་ལག་བསྟར་ལྟ་སྐུལ་སྒྲིག་གཞི་171བར་མང་དུ་བཏང་བ་དང་ཤང་གྲོང་697ཚང་མར་སྒྲིག་ཨུད་བཙུགས་ནས་ཁེར་རྐྱང་ཐོག་སྒོ་བྱང་བཀལ་བས་གཞི་རིམ་གྱི་སྒྲིག་ཁྲིམས་ལག་བསྟར་སྟོབས་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།

    ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་རང་སྐྱོང་ལྗོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་གྲོས་དོན་མཐུན་སྦྱོར་སྒྲིག་གཞི་ཁུ་བསྡུ་དང་། ནང་བཙུགས་སྒྲིག་གཞི་ལེགས་སྒྲིག འགན་འཁྲི་ལག་བསྟར་གྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད། སྒྲིག་ཁྲིམས་ཞིབ་བཤེར་གྱི་སྒྲིག་གཞི་སྒྱུར་བཅོས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ཡོད། ལོ་ལྔའི་རིང་ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཁུར་པོ་དོར་བ་དང་བདེ་ཆས་སྤྲས་ནས་ལས་གྲྭའི་རྣམ་གྲངས་འོས་སྐུལ་འོས་དཔོད་སོགས་ཀྱི་ལས་དོན་ནང་ཐད་ཀར་མི་ཞུགས་པ་དང་གྲོས་དོན་མཐུན་སྦྱོར་སྒྲིག་གཞི་4464མེད་པ་བཟོས་པའམ་ཡང་ན་ཕྱིར་འཐེན་བྱས་པའི་ནང་རང་སྐྱོང་ལྗོངས་སྒྲིག་ཨུད་ལས་ཁུངས་ཀྱིས་གྲོས་དོན་མཐུན་སྦྱོར་སྒྲིག་གཞི་122མེད་པ་བཟོས་པའམ་ཡང་ན་ཕྱིར་འཐེན་བྱས་ནས་ཁུ་བསྡུ་བྱེད་ཚད་88%ལྷག་ཙམ་ཟིན་ཡོད་པ་རེད།

    འདི་ལོའི་ཟླ་བ་བདུན་པར། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་མངགས་སྡོད་སྒྲིག་བཤེར་ཚོགས་ཆུང་གི་ཙུའུ་ཀྲང་གི་ལས་འགན་འཁུར་བའི་ཚོགས་འདུ་འཚོགས་པ་སྦྲགས། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཅའ་སྡོད་བྱ་རྒྱུར་མངགས་པའི་སྒྲིག་གཞི་94ཚང་མར་ལྟ་སྐུལ་བྱེད་པའི་ལས་འགན་ལེགས་སྒྲུབ་ཟིན་ཡོད། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་ཕྱོགས་བསྡུས་མངགས་གཏོང་དང་ཁེར་རྐྱང་མངགས་གཏོང་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་མངགས་གཏོང་སྒྲིག་གཞི་32བཙུགས་ནས་མིང་གཅིག་གྱུར་བཟོས་པ་དང་གཅིག་གྱུར་ཐོག་དོ་དམ་བྱས་ཡོད་པ་རེད། མངགས་གཏོང་སྒྲིག་གཞི་ཁག་ཐོག་མར་བཙུགས་ཚུན། “མངགས་གཏོང”དང“བཅའ་སྡོད”ཀྱི་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱས་ཡོད། རང་སྐྱོང་ལྗོངས་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་དུ་བཅའ་སྡོད་སྒྲིག་བཤེར་ཚོགས་ཆུང་གིས་རིགས་ཁག་གི་གནད་དོན་དང་ཁུངས་སྣེ་31བདག་སྤྲོད་བྱས་ཏེ་མི་1ལ་ཏང་ནང་ཁུལ་དུ་ལྟ་ཞིབ་བྱེད་པའི་ཆད་པ་བཅད་པ་དང་། མི་1ལ་ཏང་ནང་ཁུལ་དུ་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ། མི་5ལ་ཏང་ནང་ཁུལ་དུ་ཐ་ཚིག་སྒྲོག་པའི་ཆད་པ་བཅད་ཡོད། རང་སྐྱོང་ལྗོངས་ཤིང་མའོ་ཀུང་སི་དང་ཉོ་ཚོང་ཚོགས་པའི་གྱོད་གཞིར་ཞིབ་གཅོད་བྱེད་སྐབས། དཔལ་འབྱོར་གྱོང་གུན་སྒོར་ཁྲི་51.47མི་ཕོག་པ་བྱས་པ་རེད།

    རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་《བོད་རང་སྐྱོང་ལྗོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་བྱ་སྤྱོད་ཚད་གཞི་》སོགས་སྒྲིག་སྲོལ་ལམ་ལུགས་རབ་དང་རིམ་པ་བཟོས་ཏེ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་། ལས་གཅེས་ལས་བཀུར། རང་གཅུན་ནན་པོ་སོགས་ཀྱི་བླང་བྱ་གསལ་པོར་བཏོན་ནས་ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པར་འགན་འཁྲི་ལག་བསྟར་གྱི་དམར་ཐིག་བཏོན་པ་དང་འབྲེལ་ལམ་ལུགས་ཀྱི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། 2014ལོའི་ཟླ་6པ་ཚུན་དུ། སྒྲིག་ཨུད་ཀྱིས་སྒྲིག་ཁྲིམས་ལས་འགལ་བའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔེ་མཚོན་གནད་དོན་ཐེངས་མང་བརྡ་ཁྱབ་བཏང་སྟེ་རལ་གྲི་རྣོན་པོ་རང་ཉིད་ཀྱི་མིར་འཕྱར་ནས་ཞན་ཆ་དམར་རྗེན་དུ་བཏོན་པ་ལས་སྦས་གསང་བྱས་མེད་པ་རེད།

    སྒྲིག་ཁྲིམས་ལག་བསྟར་དཔུང་ཁག་ལ་དོ་དམ་ནན་པོ་བྱས་པ་དང་དུས་མཚུངས། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཤེས་ལྡན་མི་སྣའི་གསོ་སྐྱོང་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་ཤིང་། ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས“སྒྲིག་ཨུད་རྩེ་གྲྭའི་འདུ་འགོད”སོགས་ཀྱི་ཐབས་ལམ་བརྒྱུད་ལྗོངས་ཡོངས་ཀྱི་རྒྱ་ཆེའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པར་སློབ་སྦྱོང་དང་སྤེལ་རེས་ཀྱི་ལས་སྟེགས་བཏོད་ཡོད། སྔ་རྗེས་སུ་ཆ་འཕྲིན་ལས་དོན་དང་སྒྲིག་ཁྲིམས་ཞིབ་བཤེར་སོགས་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་8དང་ཤང་གྲོང་སྒྲིག་ཨུད་ཧྲུའུ་ཅིའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ཐེངས་3གཉེར་ནས་མི་ཐེངས་1596ལ་གསོ་སྦྱོང་བྱས་པ་རེད། གཞི་རིམ་གྱི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་60རང་སྐྱོང་ལྗོངས་སྒྲིག་ཨུད་ལས་ཁུངས་སུ་སློབ་སྦྱོང་དང་སྦྱོར་བརྡར་བྱེད་པར་བཏང་ནས་ལས་བྱེད་པའི་དཔུང་ཁག་གི་ཆབ་སྲིད་བྱང་ཚད་དང་སྤྱོད་གཙང་འདུ་ཤེས་ཟབ་ཏུ་བཏང་ཡོད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001358523761