གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ རང་ སྐྱོང་ ལྗོངས་ རྟ་ རྩལ་ མཐུན་ ཚོགས་ བཙུགས་ པ།

 
2016-11-23        གསར་འགྱུར་འབྱུང་ཁུངས། མི་དམངས་ཉིན་རེའི་ཚགས་པར།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཟླ་11ཚེས་19ཉིན། བོད་རང་སྐྱོང་ལྗོངས་རྟ་རྩལ་མཐུན་ཚོགས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་དང་བོད་ཀྱི་མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོའི་སློབ་འགོ་ཚུགས་པའི་མཛད་སྒོ་ཉིན་ཤས་གོང་ལྷ་སར་སྤེལ་བ་རེད། གྲོང་ཁྱེར་དང་ས་ཁུལ་ཁག་ནས་སླེབས་པའི་ལས་སྒྲུབ་པ་དང་ལུས་རྩལ་པའི་མཐུས་མི་50མཛད་སྒོར་ཞུགས་པ་དང་འབྲེལ། བོད་རང་སྐྱོང་ལྗོངས་རྟ་རྩལ་མཐུན་ཚོགས་ལ་སྒོ་བྱང་སྤྲད་པ་རེད།

    བོད་རང་སྐྱོང་ལྗོངས་རྟ་རྩལ་མཐུན་ཚོགས་ཀྱི་སྒོ་བྱང་བཀལ་བ་ལས་བོད་ཀྱི་རྟ་རྩལ་ཁྱབ་ཁོངས་ཀྱི་སྤྱི་ཚོགས་ལུས་རྩལ་རྩ་འཛུགས་ཐོག་མ་དེ་བཙུགས་པ་མཚོན་པ་མ་ཟད། བོད་ཀྱི་རྟ་རྩལ་བྱ་གཞག་རྩ་འཛུགས་ཅན་དང་། ཚད་གཞི་ཅན། ཐོན་ལས་ཅན་བཅས་ཀྱི་འཕེལ་རྒྱས་ཀྱི་དུས་རབས་གསར་པར་སླེབས་པ་མཚོན་པ་དང་། ད་ནས་བཟུང་། རྟ་རྩལ་ལུས་རྩལ་དུས་སྐབས་གསར་པར་སླེབས་པ་རེད།

    བོད་ཀྱི་རྟ་རྩལ་ལུས་རྩལ་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། དེ་སྔའི་བོད་རང་སྐྱོང་ལྗོངས་རྟ་རྩལ་རུ་ཁག་1986ལོར་བཙུགས་ཚུན། རྒྱལ་ཁབ་ཕྱི་ནང་གི་རྟ་རྩལ་འགྲན་བསྡུར་ཆེ་ཁག་མང་པོར་ཞུགས་པར་གྲུབ་འབྲས་ཀྱང་གཡུར་དུ་ཟ་བ་ཐོབ་ཡོད། ཉེ་བའི་ལོ་ལྔའི་རིང་། བོད་རང་སྐྱོང་ལྗོངས་སློབ་གསོ་ལུས་རྩལ་ཅུས་ཀྱིས་གཤམ་འོག་ཏུ་རྟ་རྩལ་འཁྲབ་སྟོན་གྱི་ཕུགས་ཕན་ལམ་སྲོལ་ཧུར་ཐག་བཙུགས་ནས་རིམ་རྩིས་བྱས་ན། མང་ཚོགས་ཁྲི་10ཙམ་ལ་ལྟད་མོ་ཆེ་བའི་རྟ་རྩལ་འཁྲབ་སྟོན་བྱས་པ་རེད།

    བོད་ཀྱི་མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་ནི་བོད་རང་སྐྱོང་ལྗོངས་རྟ་རྩལ་མཐུན་ཚོགས་བཙུགས་རྗེས་ཀྱི་གསོ་སྦྱོང་སྤེལ་ཐེངས་དང་པོ་ཡིན་པ་དང་། གསོ་སྦྱོང་ནང་དོན་ལ་རྟ་ལ་སྨན་བཅོས་བྱེད་སྟངས་དང་རྟ་རྩལ་བདེ་འཇགས་འགོག་སྲུང་སོགས་རིགས་པའི་གཞུང་ལུགས་ཀྱི་སློབ་ཁྲིད་དང་རྩལ་ལག་ཐད་ཀྱི་གསོ་སྦྱོང་དངོས་ཀྱི་སློབ་ཁྲིད་སོགས་ཡོད་པས། བོད་ཀྱི་རྟ་རྩལ་ཐོན་ལས་ཅན་དུ་འཕེལ་རྒྱས་གཏོང་རྒྱུར་རྨང་གཞི་བཟང་པོ་བཏིངས་ཡོད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001358523921