གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ རིགས་ སྤོ་ ལོ་ རྒྱག་ མཁན་ གཉིས་ ལ་ རྒྱལ་ ཁབ་ རིམ་ པའི་ ལུས་ རྩལ་ པ་ ཕུལ་ བྱུང་ གི་ མཚན་ སྙན་ ཐེངས་ དང་ པོ་ ཐོབ་ པ།

 
2016-12-05        གསར་འགྱུར་འབྱུང་ཁུངས། མི་དམངས་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཉེ་ཆར་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས། ལྷ་ས་ས་གཙང་སྐྱེས་པའི་ལག་རྩེད་སྤོ་ལོ་སྤྲོ་སྐྱིད་ཁང་གི་སྤོ་ལོ་བ་རིན་ཆེན་ཆོས་གྲགས་དང་བློ་བཟང་རྡོ་རྗེ་གཉིས་ལ་རྒྱལ་ཁབ་རིམ་པའི་ལུས་རྩལ་པ་ཕུལ་བྱུང་གི་མཚན་སྙན་སྤྲད་འདུག འདི་ནི་ལག་རྩེད་སྤོ་ལོའི་རྣམ་གྲངས་ཁྲོད་བོད་རིགས་སྤོ་ལོ་བར་རྒྱལ་ཁབ་རིམ་པའི་ལུས་རྩལ་པ་ཕུལ་བྱུང་གི་མཚན་སྙན་ཐོབ་ཐེངས་དང་པོ་རེད།

    ལྷ་ས་ས་གཙང་སྐྱེས་པའི་ལག་རྩེད་སྤོ་ལོ་སྤྲོ་སྐྱིད་ཁང་གི་ལས་འཛིན་དཔོན་ཚེ་བརྟན་རྡོ་རྗེས།“ས་གཙང་ལག་རྩེད་སྤོ་ལོ་སྤྲོ་སྐྱིད་ཁང་ཐོག་མར་འཛུགས་སྐབས་སྤོ་ལོའི་རུ་ཁག་ལ་རྒྱལ་ཁབ་ཀྱི་ལུས་རྩལ་པའི་གཟུགས་པོའི་དཔྱད་ཞིབ་ཚད་གཞི་དང་མཐུན་པའི་བོད་རིགས་ལུས་རྩལ་པ་2ལས་མེད། ད་ཆ་རྒྱལ་ཁབ་རིམ་པའི་ལུས་རྩལ་པ་ཕུལ་བྱུང་2ཐོན་པ་ལས་སླ་པོ་ཞིག་གཏན་ནས་མ་རེད”ཅེས་ངོ་སྤྲོད་བྱས་བྱུང་།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་ས་གཙང་སྐྱེས་པའི་ལག་རྩེད་སྤོ་ལོ་སྤྲོ་སྐྱིད་ཁང་གིས་ས་ཆ་དེ་གའི་བོད་རིགས་གཞོན་ནུ་སྤོ་ལོ་བའི་གྲངས་གཞིའི་མཛོད་(ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་ཡང་ཚུད་ཡོད་)ཅིག་བཙུགས་འདུག་ལ། སྤོ་ལོ་བའི་གཞི་རྩའི་ཆ་འཕྲིན་དང་རྩལ་ནུས་བསྡོམས་རྩིས་སོགས་ཀྱི་གྲངས་གཞི་རྣམས་གྲངས་གཞིའི་མཛོད་དུ་འཇུག་རྩིས་ཡོད་པ་མ་ཟད། རྒྱུན་ཆད་མེད་པར་རྒྱ་སྐྱེད་དང་གསར་བརྗེས་བྱེད་རྩིས་འདུག ད་དུང་འབྱུང་འགྱུར་ལོ་གཉིས་ནས་གསུམ་བར་གཏན་འཇགས་ཀྱི་ལུས་རྩལ་པ་སྐྱེད་སྲིང་བྱེད་པའི་ལམ་སྲོལ་འཚོལ་ཞིབ་བྱས་ཏེ་ས་གཙང་དང་། བོད་ལྗོངས། ཐ་ན་རྒྱལ་ཡོངས་སུ་ཕུལ་བྱུང་བོད་རིགས་ལག་རྩེད་སྤོ་ལོ་བ་དེ་བས་མང་བ་གསོ་སྐྱོང་བྱེད་རྒྱུ་རེད། 

མཛའ་འབྲེལ་དྲ་བ།
010020070840000000000000011100001358814511