གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ ལྗོངས་ ཀྱིས་ རྒྱལ་ ནང་ གི་ དབྱར་ རྩྭ་ དགུན་ འབུའི་ དྲ་ ཐོག་ ཉོ་ ཚོང་ ཁྲོམ་ ར་ དང་ པོ་ བཏོད་ པ།

 
2016-12-05        གསར་འགྱུར་འབྱུང་ཁུངས། མི་དམངས་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    བོད་ནི་དབྱར་རྩྭ་དགུན་འབུ་ཐོན་ཡུལ་གཙོ་བོ་ཡིན་པ་དང་ལོ་རེའི་ཐོན་འབབ་ཀྱིས་རྒྱལ་ཡོངས་ཀྱི་30%ལྷག་ཟིན་གྱི་ཡོད། ཉེ་བའི་ལོ་ཤས་རིང་། དབྱར་རྩྭ་དགུན་འབུའི་རིན་གོང་འཕར་ཆག་ཁྲོད་བརྟན་པོའི་ངང་འཕར་ཡང་ཁྲོམ་རའི་དགོས་མཁོ་སྔར་བཞིན་སྐོང་ཐུབ་ཀྱི་མེད། ཉེ་ཆར་བོད་ལྗོངས་ཚོང་ཟོག་ཉོ་ཚོང་ལྟེ་གནས་ཀྱི་དྲ་ཐོག་ཚོང་དོན་ལས་སྟེགས་ཐོག་ནས་དབྱར་རྩྭ་དགུན་འབུ་ཉོ་ཚོང་བྱེད་འགོ་ཚུགས་པ་རེད།
        ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་ཚོང་ཟོག་ཉོ་ཚོང་ལྟེ་གནས་ཀྱི་དྲ་ཐོག་ཚོང་དོན་ལས་སྟེགས་ཀྱིས་ཞིབ་བཤེར་དང་། ཉོ་ཚོང་། རྩིས་སྤྲོད་རྩིས་ལེན། ཟོག་འགྲེམས། རྩིས་རྒྱག་དངུལ་སྤྲོད་སོགས་གཅིག་གྱུར་གྱི་ཉོ་ཚོང་དང་སྤུས་ཚད་ལྟ་སྐུལ་དོ་དམ་མ་ལག་བསྐྲུན་པ་བརྒྱུད་དབྱར་རྩྭ་དགུན་འབུའི་ཉོ་ཚོང་ཁྲོད་ཀྱི་ཡིད་རྟོན་ཉེན་ཁ་ནུས་ལྡན་བསལ་བ་རེད། ལས་སྟེགས་དེ་བརྒྱུད་ཕྱིར་ཚོང་བྱས་པའི་དབྱར་རྩྭ་དགུན་འབུ་ངེས་པར་དུ་བོད་རང་སྐྱོང་ལྗོངས་ཀྱི་ས་གནས་ཀྱི་ཚད་གཞི་དང་མཐུན་དགོས་ལ། བོད་ལྗོངས་ས་མཚམས་ནས་འགྲོ་འོང་ཞིབ་བཤེར་དང་ནད་ཡམས་ཞིབ་བཤེར་ཅུས་ཀྱིས་ཞིབ་བཤེར་དང་ནད་ཡམས་ཞིབ་བཤེར་ལག་རྩལ་ལྟེ་གནས་ཀྱིས་ཞིབ་བཤེར་ནན་པོ་བྱས་པ་བརྒྱུད་འཛད་སྤྱོད་པར་སྤུས་ཚད་བདེ་འཇགས་ཀྱི“མེ་འགོག་གྱང”བསྐྲུན་པ་རེད།  

མཛའ་འབྲེལ་དྲ་བ།
010020070840000000000000011100001358814671