གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ ལྗོངས་ ཀྱིས་ ལོ་ ལྔ་ ཚན་ གྱི་ འཆར་ འགོད་ བཅུ་ གཉིས་ པའི་ རིང་ རིམ་ ཁག་ ནོར་ སྲིད་ ཀྱིས་ དམངས་ འཚོའི་ ཐད་ སྒོར་ དུང་ ཕྱུར་ 3911བཏང་ བ།

 
2016-12-19        གསར་འགྱུར་འབྱུང་ཁུངས། བོད་ལྗོངས་འཕྲིན་དྲ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གཉིས་པའི་རིང་བོད་ལྗོངས་ཀྱི་རིམ་ཁག་ནོར་སྲིད་ཀྱིས་དམངས་འཚོའི་ཐད་སྒོར་དུང་ཕྱུར་3911བཏང་ཡོད་པ་དང་། ལོ་རེར་ཆ་སྙོམས་བརྒྱ་ཆ་18འཕར་སྣོན་བྱུང་ཞིང་། སྤྱི་ཚོགས་བྱ་གཞག་ཁག་ཁྱོན་ཡོངས་ནས་ཡར་རྒྱས་བྱུང་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན།ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གཉིས་པའི་རིང་།བོད་ལྗོངས་ཀྱིས་སྤྱི་པའི་འཕྲོད་བསྟེན་དང་རྨང་གཞིའི་སྨན་བཅོས་ཞབས་ཞུར་ཤུགས་སྣོན་བརྒྱབ་པ་དང་།སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་པའི་རང་བཞིན་གྱི་བོད་སྐྱོར་ལས་དོན་ལ་སྐུལ་འདེད་བཏང་བས། ཐོག་མའི་ཆ་ནས་ནད་གཞི་ཆེ་བ་ཕོག་ན་བོད་ལྗོངས་ནས་ཕྱིར་བསྐྱོད་མི་དགོས་པ་དང་། ནད་གཞི་འབྲིང་བ་ཕོག་ན་ས་ཁུལ་དང་གྲོང་ཁྱེར་ནས་ཕྱིར་སྐྱོད་མི་དགོས་པ། ནད་གཞི་ཆུང་བ་ཕོག་ན་རྫོང་དང་ཁུལ་ནས་ཕྱིར་བསྐྱོད་མི་དགོས་པ་བཅས་མངོན་འགྱུར་བྱུང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིར་རིམ་པ་མི་དགོས་པར་གཟུགས་པོར་བརྟག་དཔྱད་བྱེད་པ་དེ་ཁྱོན་ཡོངས་ལ་ཁྱབ་པ། སྦྲུམ་མ་དང་ཕྲུ་གུ་དམར་འབྱར་ཤི་ཚད་ཉུང་དུ་ཕྱིན་པ། མི་རེའི་ཆ་སྙོམས་ཚེ་ཚད་ལོ་68བར་སླེབས་པ་བཅས་བྱུང་ཡོད།

    ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གཉིས་པའི་རིང་བོད་ལྗོངས་སུ་ལོ་15རིན་མེད་སློབ་གསོ་ལོངས་སྤྱོད་བྱ་རྒྱུ་བྱུང་བ་དང་། སྤྱི་ལོ་2016ལོའི་སྟོན་དུས་སློབ་དུས་བར། འགན་ལེན་གསུམ་གྱི་སློབ་གསོའི་ཚད་གཞི་དེ་ལོ་རེར་སློབ་མ་རེའི་ཆ་སྙོམས་སྒོར་3240བར་མཐོ་རུ་བཏང་བ་དང་།སློབ་ལོ་མ་ལོན་གོང་གི་ལོ་གསུམ་ནས་མཐོ་རིམ་སློབ་འབྲིང་དུས་མཚམས་བར་ཁྱབ་པ་བྱུང་བ།ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གཉིས་པའི་རིང་།བོད་ལྗོངས་ཀྱིས་རིམ་རྩིས་བྱས་ན་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཆིག་འབུམ་དྲུག་ཁྲི་དགུ་སྟོང་གསར་སྣོན་བྱུང་བ།ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་མིའི་ཐེངས་གྲངས་ས་ཡ་བཞི་དང་དྲུག་འབུམ་བདུན་ཁྲི་སྤོ་བསྒྱུར་བྱས་པ། གཞན་ཡང་ད་དུང་གྲོང་མིའི་ཡོང་བབ་འཕར་སྣོན་མགྱོགས་པོ་བྱུང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་གཏོང་ཡོང་བའི་ཡོང་བབ་ཁག་སོ་སོར་2010ལོའི་ལྡབ་གཅིག་དང་ཚགས་བདུན་དང་། ལྡབ་གཉིས་ཟིན་ཡོད་པ་རེད།

    

    

    

མཛའ་འབྲེལ་དྲ་བ།
010020070840000000000000011100001359168841