གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ ཀྱིས་ ནོར་ སྲིད་ གཏོང་ སྒོ་ མང་ དུ་ བཏང་ ནས་ དམངས་ འཚོ་ འགན་ ལེན་ དྲ་ བའི་ ཚགས་ དམ་ དུ་ བཏང་ བ།

 
2016-12-26        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཉིན་ཤས་གོང་གསར་འགོད་པར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས་ཤེས་རྟོགས་བྱུང་བར“ལོ་ལྔ་ཚན་བཅུ་གཉིས”པའི་རིང་བོད་ཀྱི་རིམ་ཁག་ནོར་སྲིད་ཀྱིས་དམངས་འཚོར་དངུལ་སྒོར་དུང་ཕྱུར་3911བཏང་ནས་ལོར་ཆ་སྙོམས18%འཕར་བ་དང་། སྤྱི་ཚོགས་བྱ་གཞག་ཁག་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་ཀྱིས་སྤྱི་པའི་འཕྲོད་བསྟེན་དང་གཞི་རྩའི་སྨན་བཅོས་ཞབས་ཞུར་ཤུགས་སྣོན་བརྒྱབ་སྟེ་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལ་སྐུལ་འདེད་བཏང་བ་བརྒྱུད་ནད་ཆེན་བོད་ནས་བཅོས་པ་དང་། ནད་འབྲིང་ས་གནས་དང་གྲོང་ཁྱེར་ནས་བཅོས་པ། ནད་ཆུང་རྫོང་དང་ཆུས་ནས་བཅོས་པ་བཅས་རགས་ཙམ་ཐུབ་ཡོད་པ་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རིན་མེད་བདེ་ཐང་བརྟག་དཔྱད་ཕྱོགས་ཡོངས་ལ་ཁྱབ་པ་དང་། སྦྲུམ་མ་དང་ཕྲུ་གུ་དམར་འབྱར་ཤི་ཚད་དམའ་རུ་སོང་བ། ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་5000རིན་མེད་སྐྱོབ་བཅོས་བྱུང་བ། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་68ཟིན་ཡོད་པ་རེད།

    “ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་དུ་ལོ་15ཡི་རིན་མེད་སློབ་གསོ་མངོན་འགྱུར་བྱུང་བ་དང་། 2016ལོའི་སྟོན་དུས་ཀྱི་སློབ་དུས་སུ་སླེབས་སྐབས་སློབ་གསོའི“འགན་ལེན་གསུམ”གྱི་ཚད་གཞི་ལོར་ཆ་སྙོམས་ཕྲུ་གུ་རེར་སྒོར་3240བར་འཕར་བ། སློབ་ཞུགས་གོང་གི་ལོ་གསུམ་ནས་མཐོ་རིམ་སློབ་འབྲིང་དུས་མཚམས་བར་ཁྱབ་ཡོད་པ་རེད། རྫོང་36རྒྱལ་ཁབ་ཀྱི་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ཀྱི་ཞིབ་བཤེར་རྩིས་ལེན་འཕྲོད་པ་དང་། རྨང་གཞིའི་སློབ་གསོའི་སློབ་གྲྭ་ཚད་ལྡན་ཅན་འཛུགས་སྐྲུན་ལ་འཕེལ་རྒྱས་ཆེན་པོ་བྱུང་བ། མཐོ་རིམ་སློབ་གསོའི་འབུམ་རམས་པ་གསོ་སྐྱོང་བྱ་ཡུལ་འཛུགས་སྐྲུན་བྱས་པ། སློབ་གསོ་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ཕྱོགས་ཡོངས་ནས་བྱེད་འགོ་ཚུགས་པ། ནང་སའི་སློབ་གཉེར་སྤུས་ཚད་བརྟན་པོའི་ངང་མཐོ་རུ་སོང་ཡོད་པ་རེད།

    “ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་དུ་རིམ་རྩིས་བྱས་ན་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་ཐུབ་པའི་མི་གྲངས་ཁྲི་16.9གསར་འཕར་བྱུང་བ་དང་། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་མི་ཐེངས་ཁྲི་467གཞན་སྒྱུར་བྱུང་བ། གཞན་ཡང་གྲོང་མིའི་ཡོང་འབབ་འཕར་མྱུར་ཙམ་བྱུང་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2010ལོ་ལས་ལྡབ་1.7དང་ལྡབ2སོ་སོར་འཕར་ཡོད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001359335791