གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ ཀྱིས་ ལག་ བྲིས་ ཐང་ གའི་ ས་ གནས་ ཀྱི་ ཚད་ གཞི་ ཐོག་ མ་ དེ་ བཟོ་ བཞིན་ ཡོད་ པ།

 
2016-12-26        གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཚེས་23ཉིན་གསར་འགོད་པས་སྐབས་དྲུག་པའི་བོད་ལྗོངས་ཐང་གའི་སྒྱུ་རྩལ་འགྲེམས་ཚོགས་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། བོད་ཀྱི་ལག་བྲིས་ཐང་གའི་ས་གནས་ཀྱི་ཚད་གཞི་ཐོག་མ་དེ་བཟོ་བཞིན་ཡོད་པ་དང་། ཚད་གཞི་དེས་བོད་ཀྱི་ཐང་གའི་ས་གནས་ཚད་གཞིའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ནས་ཐང་གའི་ཁྲོམ་ར་ཚད་ལྡན་ཅན་དུ་འགྱུར་རྒྱུ་རེད།

    བོད་རང་སྐྱོང་ལྗོངས་སྤུས་ཚད་ལག་རྩལ་ལྟ་སྐུལ་དོ་དམ་ཅུས་ཚད་གཞི་ཅན་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་དབང་ཆེན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། བཟོ་བཞིན་ཡོད་པའི་བོད་ཀྱི་ལག་བྲིས་ཐང་གའི་ས་གནས་ཚད་གཞི་དེས་རས་བསེའི་སྤུས་ཚད་དང་། རྡོ་ཚོན་གྱི་གྲུབ་ཆ། བརྩམས་ཆོས་ཀྱི་ཚད་གཞི། འབྲི་བའི་ལག་རྩལ་སོགས་ཀྱི་ཐད་ནས་སྲོལ་རྒྱུན་གྱི་ལག་བྲིས་ཐང་གར་དབྱེ་མཚམས་གསལ་པོ་འབྱེད་རྒྱུ་ཡིན་པ་རེད། ཚད་གཞི་དེས་ད་དུང་ཐང་གའི་བརྩམས་ཆོས་ལ་རིམ་དབྱེའི་དཔྱད་བསྡུར་གཏན་འབེབས་ཀྱི་ཞིབ་སྲོལ་བཟོས་ནས་མཚོན་རྟགས་དང་། ཐུམ་སྒྲིལ། དབོར་འདྲེན། ཉར་འཇོག་སོགས་ལྷུ་ཚིགས་ཀྱི་བཀོལ་སྤྱོད་ཚད་ལྡན་དུ་གཏོང་རྒྱུ་ཡིན་པ་དང་། ཚད་གཞི་དེ་2017ལོར་དངོས་སུ་ཁྱབ་བསྒྲགས་བྱས་ནས་ལག་ལེན་བསྟར་རྒྱུ་ཡིན་པ་རེད།

    ཐང་ག་ནི་རས་བསེ་དང་ཤོག་བུ་སོགས་ཀྱི་ཐོག་བྲིས་པའམ་ཡང་ན་བཙེམས་པའི་ཆོས་ལུགས་ཀྱི་ཐང་ག་སྒྲིལ་མ་ཞིག་ཡིན་ཞིང་། སྤྱི་ལོའི་དུས་རབས་བདུན་པར་དར་འགོ་ཚུགས་པ་དང་། བརྗོད་བྱའི་ནང་དོན་ནང་ལོ་རྒྱུས་ཀྱི་དོན་རྐྱེན་དང་། ཆོས་ལུགས་ཀྱི་གཏམ་རྒྱུད། ཆོས་ལུགས་ཀྱི་ཆོ་ག མི་སྣའི་རྣམ་ཐར། གནམ་རིག་སྐར་རྩིས་བཅས་དང་དེ་བཞིན་བོད་ལུགས་གསོ་རིག་དང་བོད་སྨན་སོགས་ཕྱོགས་མང་པོ་དང་འབྲེལ་བ་ཡོད་པས“བོད་ཀྱི་རིག་གནས་ཀུན་བཏུས་དཔེ་དེབ”ཅེས་བརྗོད་སྲོལ་ཡོད་པ་རེད།

    ཉེ་ལམ་ལོ་ཤས་རིང་ཐང་གའི་ཁྲོམ་ར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ཐང་གའི་ཐོན་ལས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་ཅིང་། 2016ལོའི་ལོ་མཇུག་བར་བོད་ལ་ཐང་ག་འབྲི་མཁན་མི་གྲངས་3000ལྷག་ཙམ་ཟིན་པ་དང་ལོ་རེར་ཐང་ག་ཕྱིར་འཚོང་དངུལ་གྲངས་སྒོར་དུང་ཕྱུར་གཅིག་ལས་ཐེངས་དང་པོ་བརྒལ་ཡོད་པ་རེད། “རྒྱལ་ཁབ་ཕྱི་ནང་དུ་ཐང་གའི་སྒྱུ་རྩལ་ལ་དགའ་བསུ་དེ་བས་ཐོབ་ཡོད་ལ་ཁྲོམ་རའང་རྒྱ་ཆེར་ཕྱིན་ཡོད། ཐང་ག་འབྲི་བ་ནས་ཁྲོམ་རར་འདོན་པའི་བར་ཚད་ལྡན་འཁོར་སྐྱོད་ཐུབ་པ་བྱས་ཚེ་གཞི་ནས་ཕུལ་བྱུང་གི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་ཐུབ་ཀྱི་རེད”ཅེས་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་རིག་གནས་ཐོན་ལས་ཁྲུའི་ཁྲུའུ་ཀྲང་ཉི་མ་ཚེ་རིང་གིས་དེ་ལྟར་བརྗོད།

    འདི་ལོའི་ཟླ་6པར་བོད་ཀྱིས《ཐང་ག་རིགས་དབྱེའི》ས་གནས་ཀྱི་ཚད་གཞི་ལག་ལེན་བསྟར་འགོ་ཚུགས་ཏེ་སྤྱིའི་ཆ་ནས་ཐང་གའི་ལུགས་དང་། འབྲི་སྲོལ། ནང་དོན། རྒྱུ་ཆ་བཅས་ཀྱི་ཐད་ཚད་ལྡན་རིགས་དབྱེ་ཡོད་ཅིང་། དབང་ཆེན་གྱིས“དེ་ལས་འཛད་སྤྱོད་པ་དཀྱུས་མས་ཐང་ག་ཤེས་རྟོགས་བྱ་རྒྱུར་ཕན་པ་ཡོད་པ་དང་ཚད་གཞི་དེས་ཐང་ག་འབྲི་མཁན་ཚོར་དཔྱད་གཞིར་འཛིན་སའི་ལས་རིགས་ཀྱི་གཏན་འབེབས་མཁོ་འདོན་བྱས་ཡོད་པ་དང་། སྲོལ་རྒྱུན་གྱི་ལག་རྩལ་གཞིར་བཟུང་ཐང་ག་འབྲི་བཞེངས་བྱེད་མཁན་ལྷ་འབྲི་བས་ཐང་གའི་ཐོན་ལས་འཕེལ་རྒྱས་དེ་བས་ལེགས་པ་འགྲོ་རྒྱུར་ཞབས་འདེགས་ཞུ་ཐུབ་རྒྱུ་རེད”ཅེས་བརྗོད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001359335881