གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ ཀྱི་ རིག་ གནས་ ཤུལ་ བཞག་ རྒྱུན་ འཛིན་ ནུས་ ལྡན་ བྱ་ རྒྱུར་ བཅའ་ ཁྲིམས་ ཀྱི་ འགན་ ལེན་ བྱུང་ བ།

 
2016-12-26        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ད་ཕན་ལོ་ཤས་རིང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱིས་རིག་གནས་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ཤུགས་ཆེ་རུ་བཏང་ནས་སྔ་རྗེས་སུ《ལྷ་ས་གྲོང་ཁྱེར་གྲོང་ཁུལ་རྙིང་པ་སྲུང་སྐྱོང་སྲོལ་ཡིག》དང《བོད་རང་སྐྱོང་ལྗོངས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་བཅའ་ཁྲིམས〉ལག་བསྟར་བྱེད་ཐབས》《བོད་རང་སྐྱོང་ལྗོངས་ཀྱི་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོང་དོ་དམ་སྲོལ་ཡིག》སོགས་ལ་ཞིབ་བཤེར་བྱས་པ་དང་ཆོག་མཆན་སྤྲད་དེ་ས་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ཆར་རླུང་བརྒྱུད་མྱོང་པའི་མི་རིགས་རིག་གནས་ཤུལ་བཞག་ལ་སྔར་བས་ལེགས་པའི་སྲུང་སྐྱོང་དང་རྒྱུན་འཛིན་བྱུང་ཡོད།

    “ཕོ་བྲང་པོ་ཏ་ལ་ནི་འཛམ་གླིང་གི་གཅེས་ནོར་ཡིན་པ་དང་ལྷ་སའི་གྲོང་ཁུལ་རྙིང་པ་དང་དེ་བཞིན་ལྗོངས་ཡོངས་སུ་ཁྱབ་པའི་མངོན་མིན་རིག་གནས་ཤུལ་བཞག་སྣ་ཚོགས་ནི་ཀྲུང་ཧྭ་མི་རིགས་ལོ་རྒྱུས་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན”ཞེས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་ཏའེ་ཅན་གོ་ཡིས“ཁྲིམས་ལུགས་འཛུགས་པའི་བརྒྱུད་རིམ་ཁྲོད་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་པ་མ་ཟད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་མཐུན་པད་མ་འཕྲིན་ལས་ཀྱིས་དག་བཅོས་ཀྱི་བསམ་འཆར་དང་གྲོས་འགོ་ཐེངས་མང་བཏོན་པ་དང་ཁྲིམས་ལུགས་ཨུ་ལྷན་གྱི་རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་བརྒྱུད་རིམ་ཧྲིལ་པོའི་ནང་ཞུགས་རྒྱུར་འབྲེལ་གཏུག་གནང་བ་རེད”ཅེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དོ་དམ་སྲོལ་ཡིག་ནང་ཕྱོགས་གསུམ་ཐད་ཀྱི་གནད་དོན་གཙོ་བོ་ཐག་གཅོད་བྱས་པ་སྟེ། 2009ལོར་ལག་ལེན་བསྟར་བའི《བོད་རང་སྐྱོང་ལྗོངས་ཀྱི་ཕོ་བྲང་པོ་ཏ་ལ་སྲུང་སྐྱོབ་བྱ་ཐབས》ནང་གི་ཕན་ནུས་ཆེ་བའི་སྲུང་སྐྱོབ་དོ་དམ་བྱེད་ཐབས་དང་ཉམས་མྱོང་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དུ་གྱུར་ནས་འཛམ་གླིང་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་ཀའི་ཁྲོད་ཁྲིམས་བཟོའི་ཐབས་ལམ་བརྒྱུད་ཐག་གཅོད་བྱེད་དགོས་པའི་གནད་དོན་ཐག་གཅོད་བྱས་ནས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་། སྒྲིག་སྲོལ། སྲིད་ཇུས་སོགས་ཀྱི་འབྲེལ་མཐུད་ལས་དོན་ཡག་པོ་སྒྲུབ་ཡོད། སྲོལ་ཡིག་ནང་སྲུང་སྐྱོབ་ཁྱབ་ཁོངས་སྐོར་ལ་ད་དུང་ནོར་བུ་གླིང་ཁ་དང་གཙུག་ལག་ཁང་ཚུད་པའི་གཏན་འབེབས་བྱས་པ་རེད།

    མངོན་མིན་རིག་གནས་ཤུལ་བཞག་གི་བཅའ་ཁྲིམས་དང་བྱ་ཐབས་ལག་ལེན་བསྟར་བ་དེས་སྲིད་གཞུང་གི་གཙོ་ཁྲིད་ནུས་པ་ཆེ་རུ་ཕྱིན་པ་དང་། སྲུང་སྐྱོབ་ལས་ཀའི་གཞི་རྩའི་རྩ་དོན་གཏན་འཁེལ་བྱས་པ། དོ་དམ་ལས་ཀའི་སྒྲིག་སྲོལ་བཙུགས་པ་དང་འཐུས་སྒོ་ཚང་དུ་ཕྱིན་པ། མི་འབོར་ཅུང་ཉུང་བའི་མི་རིགས་དང་མཐའ་མཚམས་ས་ཁུལ་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་ཕྱིན་པ་བཅས་རེད། ལག་ལེན་བྱ་ཐབས་ཀྱི་དོན་ཚན་དགུ་པའི་ནང་གསེས་གཉིས་པའི་ནང“རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ནོར་སྲིད་དང་རིག་གནས་སོགས་སྡེ་ཚན་གྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་ཆེད་དོན་མ་དངུལ་སྤྱོད་པར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཆེད་དངུལ་ཆེད་སྤྱོད་ཐུབ་རྒྱུ་འགན་ལེན་ཡོང་བ་བྱེད་དགོས་པའི”གཏན་འབེབས་བྱས་ཡོད།

    ཁྲིམས་སྲོལ་ལག་ལེན་ཇི་འདྲ་ཐུབ་ཡོད་མེད་མང་ཚོགས་ཀྱི་སེམས་ནང་གསལ་པོ་ཤེས་ཀྱི་ཡོད། ལྷ་ས་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་གྲས་ཤིག་ཡིན་པའི་མལ་གྲོ་གུང་དཀར་རྫོང་ཡངས་རི་སྒང་གྲོང་ཚོའི་འབྲི་གུང་ཐང་གའི་རྒྱུན་འཛིན་པ་ལོ་52ལ་སླེབས་པའི་དཀོན་མཆོག་དངོས་གྲུབ་ཀྱིས་ཐང་ག་འབྲི་མཚམས་བཞག་སྟེ་གསར་འགོད་པར་ཕ་མེས་ཚོ་དང་བསྡུར་ན་ང་ནི་བསོད་ནམས་ཅན་ཞིག་རེད། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ཐང་གའི་དགེ་རྒན་ཆེ་མོ་བ་ཡིན་ནའང་དགོན་སྡེ་དང་མངའ་བདག་གི་ཁྲལ་སྒྲུབ་དགོས་ཀྱི་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་ཡོང་འབབ་དེ་བས་མང་བ་གསོག་ཆེད་གྲོང་ཚོའི་ནང་གི་ཐང་ག་འབྲི་མཁན་ཚོས་ཐང་ག་འབྲི་མཚམས་བཞག་སྟེ་ཁང་ཚོན་གཏོང་འགོ་ཚུགས། མངོན་མིན་རིག་གནས་ཤུལ་བཞག་གི་འབྲེལ་ཡོད་སྲུང་སྐྱོབ་བྱ་ཐབས་ཁྱབ་བསྒྲགས་བྱས་རྗེས་གྲོང་ཚོའི་ནང་ཁོང་ལ་ཐང་ག་འབྲི་སྟངས་སློབ་རོགས་ཞུ་མཁན་ན་གཞོན་རིམ་བཞིན་མང་དུ་སོང་བས་ཤུལ་བཞག་རྒྱུན་འཛིན་བྱེད་པའི་ཁོང་གི་ཡིད་ཆེས་སྔར་བས་བརྟན་དུ་ཕྱིན་སོང་ཞེས་བཤད།

མཛའ་འབྲེལ་དྲ་བ།
010020070840000000000000011100001359335941