གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། རྒྱལ་ ཡོངས་ སྲིད་ གྲོས་ ཀྱི་ བོད་ ཀྱི་ ཨུ་ ཡོན་ ཚོས་ ལས་ རིགས་ ཁག་ གི་ ཚོགས་ ཆུང་ གྲོས་ བསྡུར་ ནང་ མུ་ མཐུད་ ཞུགས་ པ།

 
2017-03-06        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཟླ་3ཚེས་5ཉིན་གྱི་སྔ་དྲོ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པ་པེ་ཅིང་དུ་འཚོགས་ཤིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་རང་ལྗོངས་ཀྱི་ཨུ་ཡོན་འགོ་ཚུགས་ཚོགས་འདུར་ཟུར་ཞུགས་གནང་ཡོད། ཉིན་དེའི་ཕྱི་དྲོ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པས་མུ་མཐུད་ཚོགས་ཆུང་གྲོས་བསྡུར་བྱས་པ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་རང་ལྗོངས་ཀྱི་ཨུ་ཡོན་ཚོས་ལས་རིགས་ཁག་གི་ཚོགས་ཆུང་ནང་ཞུགས་ཏེ་ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་དམ་པོར་དམིགས་ནས་ཚ་ཚ་འུར་འུར་ངང་གཏམ་བཤད་གནང་བ་རེད།

    བསྟན་ཁོ་དང་། ཤིང་རྩ་བསྟན་འཛིན་ཆོས་གྲགས། ལྕགས་རྭ་བློ་བཟང་བསྟན་འཛིན། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། རྫོང་ལོ་བྱམས་པ་མཁས་གྲུབ། ས་ལུང་ཕུན་ལགས། ང་ཕོད་འཇིགས་ཡོན་སོགས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པར་ཞུགས་མཁན་རང་ལྗོངས་ཀྱི་ཨུ་ཡོན་ཚོས་ལས་རིགས་ཁག་གི་ཚོགས་ཆུང་གྲོས་བསྡུར་ནང་ཁག་སོ་སོར་ཞུགས་པ་རེད།

    ཨུ་ཡོན་ཚོས་གྲོས་བསྡུར་གནང་སྐབས་ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་དང་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་བསམ་གཞིག་ཁྱབ་ཡོད་པ་མ་ཟད། འཕེལ་རྒྱས་གཏོང་རྒྱུ་ནི་རྒྱུ་མཚན་ཉག་གཅིག་ཡིན་པ་དེ་མི་དམངས་ལ་དེ་བས་བདེ་སྐྱིད་བསྐྲུན་རྒྱུའི་ཐད་མངོན་ཡོད་ལ། མི་རྩ་བར་འཛིན་པ་དང་སྲིད་སྐྱོང་དམངས་ཆེད་ཀྱི་ངོ་བོའི་བླང་བྱ་ཡང་མངོན་ཡོད་པས་དེ་ནི་བསམ་བློ་བཅིངས་འགྲོལ་དང་། སྒྱུར་བཅོས་གསར་གཏོད། དམངས་ཆེད་དམངས་གཅེས་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་ཡིན་པ་དང་། ལྷག་པར་དུ་སྙན་སྒྲོན་ནང“ཀྲུང་དབྱང་ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལ་30%ཡན་མང་དུ་གཏོང་རྒྱུ་དང་། གཅིག་སྡུད་ཡུག་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་དང་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ་གསར་སྤེལ་ལ་ཤུགས་སྣོན་རྒྱག་རྒྱུ། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་ལེགས་སུ་གཏོང་རྒྱུ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་། ངལ་ནུས་ཕྱིར་གཏོང་། སློབ་གསོ་དང་བདེ་ཐང་དབུལ་སྐྱོར་བཅས་ལ་སྐུལ་འདེད་གཏོང་རྒྱུ། གྲོང་ཚོ་དབུལ་པོའི་ཁྱོན་ཡོངས་མཐོར་གཏོང་གི་འདུ་འགོད་ལག་བསྟར་བྱ་རྒྱུ། ས་ཁུལ་དབུལ་ཕོངས་དང་མང་ཚོགས་དབུལ་པོའི་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་བཅས”དང“ཀྲུང་ལུགས་གསོ་རིག་སྨན་རྫས་དང་མི་རིགས་ཀྱི་གསོ་རིག་སྨན་རྫས་བྱ་གཞག་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ”སོགས་མཐའ་མཚམས་ས་ཁུལ་དང་མི་རིགས་ས་ཁུལ།གཅིག་སྡུད་ཡུག་འབྲེལ་གྱི་ས་ཁུལ་དབུལ་པོ་བཅས་ལ་གཟིགས་སྐྱོང་སྲིད་ཇུས་དང་ཞིབ་ཕྲའི་བྱ་ཐབས་རབ་དང་རིམ་པ་བཏོན་པ་དེས་བོད་ནས་ཕེབས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་ཐུགས་ཁུར་ཟབ་མོ་ཚོར་བ་མ་ཟད། ལྕག་སྐུལ་ཆེན་པོ་ཐེབས་ཡོད་ལ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་བོད་ཀྱི་ཆོད་སེམས་དང་ཡིད་ཆེས་བརྟན་དུ་ཕྱིན་པའི་ངོས་འཛིན་གནང་བ་རེད།

    ཨུ་ཡོན་ཚོས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་དང་ལྷག་པར་དུ་ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་རྒྱུ་དང་ཕྱོགས་ཡོངས་ནས་ཁོང་དུ་ཆུད་རྒྱུར་སྣེ་ཁྲིད་བྱས་ཏེ་འགན་འཁྲི་གཙང་སྒྲུབ་ཀྱི་འགན་འཁྲི་ཁུར་སེམས་དང་བྱ་གཞག་སྒྲུབ་སེམས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། སྲིད་ཞུགས་སྲིད་གྲོས་ཀྱི་ཆུ་ཚད་དང་ནུས་པ་སྔར་བས་ཆེ་རུ་གཏོང་བ། ཏང་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་པ། མི་དམངས་མང་ཚོགས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ལ་གཞི་ཚུགས་པ་བཅས་བྱས་ཏེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་དང་། གསར་གཏོད་ལ་བརྟེན་ནས་དངོས་ཚན་དཔལ་འབྱོར་གྱི་ཕྱོགས་སྒྱུར་རིམ་སྤོར་ལ་སྣེ་ཁྲིད། ཞིང་འབྲོག་པའི་ཡོང་འབབ་རྒྱུན་མཐུད་ངང་འཕར་རྒྱུར་སྐུལ་འདེད། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་བཅོས་སྒྲིག་ལ་ཤུགས་སྣོན། དམངས་འཚོ་འགན་ལེན་དང་ལེགས་གཏོང་སོགས་གཙོ་གནད་ལས་འགན་ལ་དམིགས་ནས་སྲིད་གྲོས་ཨུ་ཡོན་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་ཀྱིས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་ཆེད་རྒྱུན་ཆད་མེད་པར་ཐབས་དང་ཇུས་འདོན་རྒྱུ་ཡིན་ཞེས་གསུངས་པ་རེད།

    རྒྱལ་ཡོངས་སྲིད་གྲོས་ཀྱི་བོད་ཀྱི་ཨུ་ཡོན་ཚོས་ལས་རིགས་ཁག་གི་ཚོགས་ཆུང་གྲོས་བསྡུར་ནང་མུ་མཐུད་ཞུགས་པ།

མཛའ་འབྲེལ་དྲ་བ།
010020070840000000000000011100001361063471