གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ ཀྱི་ ས་ ཁུལ་ ཁག་ དང་ སྡེ་ ཚན་ ཁག་ གིས་ བྱེད་ ཐབས་ སྣ་ ཚོགས་ སྤྱད་ དེ ལེ་ ཧྥུང་ ལ་ སློབ་ སྦྱོང་ བྱེད་ པའི་ ཉིན་ མོའི དང་ བླངས་ ཞབས་ ཞུའི་ བྱེད་ སྒོ་ སྤེལ་ བ།

 
2017-03-06        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    དཔྱིད་གསུམ་རླུང་བུས་ས་མཐོ་གཉིད་ལས་བསླངས། ལེ་ཧྥུང་གི་སྙིང་སྟོབས་ཀྱིས་མི་སེམས་སྐུལ། སྤྱི་ཚོགས་ལས་རིགས་ཁག་གི་མང་ཚོགས་ཚོར་ལེ་ཧྥུང་གི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ནས་དང་བླངས་ཞབས་ཞུའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་རྒྱུའི་སྐུལ་སློང་བྱ་ཆེད། ཟླ་3ཚེས་5ཉིན། ལྗོངས་ཡོངས་ཀྱི་གོང་འོག་ཚང་མའི་ལས་ཁུངས་ཀྱི་ལས་བྱེད་པ་ནས་མང་ཚོགས་དང་། དྲག་ཆས་ཉེན་རྟོག་དཔོན་དམག་ནས་སློབ་ཆུང་སློབ་ཕྲུག་ཚང་མ་སྡེ་ཁུལ་དང་། ཁྲོམ་གཞུང་། རྒན་གསོ་ཁང་བཅས་སུ་བསྐྱོད་དེ་དང་བླངས་ཞབས་ཞུ་སྣ་ཚོགས་བསྒྲུབས་ཏེ་དམངས་ཡོངས་ཀྱིས་དེང་རབས་ཀྱི“ལེ་ཧྥུང”བྱེད་པའི་ཚ་རླབས་ཤིག་འཕྱུར་བ་རེད།

    ལེ་ཧྥུང་ལ་སློབ་སྦྱོང་བྱེད་པ་ནི་དར་མ་ཚོའི་གཟི་བརྗིད་ཀྱི་བྱ་སྤྱོད་ཅིག་ཡིན་པ་མ་ཟད། བྱིས་པ་མང་པོ་ཞིག་ཀྱང“གདོང་ལེན་རུ་མིར”གྱུར་ཡོད། ལྷ་ཀླུ་སློབ་ཆུང་གི་ལོ་རིམ་བཞི་པའི་སློབ་ཕྲུག་50ཡིས་དཔྱིད་ཀྱི་འཛུམ་མདངས་རྒྱས་པའི་ལྷ་ཀླུ་འདམ་རའི་འགྲམ་གྱི་གད་སྙིགས་སྒྲུག་ཅིང་། ལོ་10ལ་སླེབས་པའི་བསྟན་འཛིན་ཆོས་དབྱིངས་ཀྱིས། “ང་ཚོའི་སློབ་གྲྭ་ནི་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་སློབ་གྲྭ་ཞིག་ཡིན་ལ་ལྷ་ཀླུ་འདམ་རའི་འཁྲིས་སུ་ཡོད། ང་ཚོས་ལོ་ལྟར་འདི་གར་གད་སྙིགས་སྒྲུག་གི་ཡོད། འདི་ལྟར་བྱས་ན་གཞི་ནས་ང་ཚོའི་ཁྱིམ་གཞིས་སྔར་བས་གཙང་ཞིང་མཛེས་སྡུག་ལྡན་པར་འགྱུར། ཁོར་ཡུག་སྲུང་སྐྱོང་བྱེད་པའི‘ལེ་ཧྥུང་ཆུང་ཆུང’ཞིག་བྱས་པར་ང་རང་སྤོབས་པ་སྐྱེས་བྱུང”ཞེས་བཤད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱི་ད་ཐེངས་ཀྱི་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་རིམ་སྤེལ་བྱེད་སྒོའི་ནང“གཞིས་སྲུང་རྒན་རྒོན”ལ་བརྩེ་སེམས་འཆང་བའི་དང་བླངས་ཞབས་ཞུའི་བྱེད་སྒོ་དང་། གཅེས་སེམས་རོགས་སྐྱོར་གྱི“ཡ་རབས་འགྲིམ་འགྲུལ”བྱེད་སྒོ “གཅེས་སེམས་ཀྱི་ཡིག་གཟུགས་དང་གཅེས་སེམས་ཀྱི་པར་རྒྱག”ཞབས་ཞུའི་བྱེད་སྒོ “ཡ་རབས་གསོལ་ལྕོག”བསྲི་ཚགས་ཟས་སྤྱོད་བྱེད་སྒོ “ཁྱིམ་མཚེས་དབར་ལྟ་རེས་སྐྱོང་རེས”བྱེད་པའི་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི་བྱེད་སྒོ “རང་བྱུང་ཁམས་ལ་གཅེས་སྤྲས་དང་རི་ཆུར་སྲུང་སྐྱོང”གི་གད་སྙིགས་གཙང་འཕྱག་བྱེད་སྒོ རིན་མེད་ཁྲག་སྦྱིན་འབུལ་བའི་སྤྱི་ཕན་བྱེད་སྒོ་དང་དེ་བཞིན“དྲ་རྒྱའི་ཤེས་དཔལ”བརྒྱུད་བསྒྲགས་བྱེད་སྒོ་བཅས་ཚུད་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་དང་བླངས་པའི་ཚོགས་པས་སློབ་མར་གཅེས་སེམས་བཅངས་པ་དང་། སྒོར་ཁྲི་14ལྷག་གྲབས་གསོག་གིས་ཕན་བདེ་ཁང་གི་བྱིས་པར“གཅེས་སེམས་སྒོ་རྩིས་ཚོང་ཁང”བཙུགས་པ། “ཁྱིམ་གཞིས་གཙང་འཕྱག་དང་། མཛེས་སྡུག་ལྡན་པའི་ཉིང་ཁྲི། གཞོན་ནུས་བྱ་སྤྱོད་སྤེལ་བཞིན་ཡོད”ཅེས་པའི་བྱེད་སྒོའི་ནང་ཧུར་ཐག་ཞུགས་པ། མི་ཐེངས་900ལྷག་སྒྲིག་འཛུགས་ཀྱིས་ཉིང་ཁྲིའི་རིག་གནས་ཡུལ་སྐོར་དུས་ཆེན་སྣ་ཚོགས་ནང་ཞུགས་པ་སོགས་རྒྱུན་རྣམ་ཅན་གྱི“ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི”རིམ་སྤེལ་བྱེད་སྒོ་སྤེལ་བ་རེད།

    ཤག་ལྷོ་གྲོང་ཚོར་བཅའ་སྡོད་ཆུ་གསུམ་རྫོང་དྲིལ་བསྒྲགས་རིག་གནས་ཁོངས་གཏོགས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་དྲུག་པས་ཤག་ལྷོ་གྲོང་ཚོའི“གཉིས་ལྡན་དུད་སྦྲེལ”གྱི་དུད་སྦྲེལ་སྤྱི་མི་22དང་མཉམ་དུ“ཤག་ལྷོར་གཅེས་སེམས་བཅངས”ཞེས་པའི་ཁོར་ཡུག་སྲུང་སྐྱོང་གི་སྤྱི་ཕན་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད། གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་4དང“གཉིས་ལྡན་དུད་སྦྲེལ”གྱི་དུད་སྦྲེལ་ཚན་པའི་དང་བླངས་ཞབས་ཞུ་བ་22རྐང་ཐང་མར་ཤག་ལྷོ་གྲོང་ཚོར་བསྐྱོད་ནས་འཚོ་བའི་གད་སྙིགས་སྒྲུག་པ་དང་འབྲེལ། གད་འཕྱིད་གཙང་འཕྱག་བྱས་པར་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་པ་རེད།

    གྲ་ནང་རྫོང་གིས་སློབ་གྲྭ་འབྲིང་ཆུང་ཁག་ལ“ལེ་ཧྥུང་ལ་སློབ་སྦྱོང་བྱེད་པ་དང་། དར་སྲོལ་གསར་པ་འཛུགས་པ། ང་ཚོས་བྱ་སྤྱོད་སྤེལ་བཞིན་ཡོད”ཅེས་པའི་བྱེད་སྒོ་དང“ལེ་ཧྥུང་ལ་སློབ་སྦྱོང་བྱེད། དར་སྲོལ་གསར་པ་འཛུགས”ཞེས་པའི་བརྗོད་བྱ་གཙོ་བོའི་འཛིན་ཚོགས་བྱེད་སྒོ་སྤེལ་བ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001361063891