གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ དང་ ཤིན་ ཅང་ གི་ འཐུས་ མི་ དང་ ཨུ་ ཡོན་ ཚོས་ ལྗང་ མདོག་ འཕེལ་ རྒྱས་ ཀྱི་ སྐོར་ གླེང་ བ།

 
2017-03-07        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ད་ཕན་ལོ་ཤས་རིང་ཁོར་ཡུག་སྲུང་སྐྱོང་གི་དོན་དེ་གླེང་མང་བའི་གནད་དོན་དུ་གྱུར་ཡོད། མཐའ་མཚམས་སུ་གནས་པའི་བོད་དང་ཤིན་ཅང་སྔོ་བཞིན་ཆུ་མོ་དྭངས་ལ་གནམ་མཁའ་སྔོ་བས“མཛེས་སྡུག་ལྡན་པའི་ཀྲུང་གོར”འོད་སྣང་ཞིག་སྦྱིན་བཞིན་ཡོད།

    “སྣོད་བཅུད་ཀྱི་མཐའ་ཚད་དང་མི་མཐུན་པའི་རྣམ་གྲངས་ག་ཚོད་ལེགས་ཀྱང་དང་ལེན་མི་བྱེད། བོད་དུ་སྣོད་བཅུད་སྲུང་སྐྱོང་གི་ལས་དོན་མི་སེམས་ལ་ཟུག་པ་མ་ཟད། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་ཐུན་མོང་ངོས་འཛིན་དུ་གྱུར་ཡོད”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བོད་ལྗོངས་མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་ཕུན་ཚོགས་ཀྱིས་གསུངས།

    ཕུན་ཚོགས་དང་གསར་འགོད་པས་མངའ་རིས་ས་ཁུལ་གྱི“ཆུ་ཡུར་བཟོ་སྐབས་འུམ་ཤིང་སྲུང་སྐྱོབ་བྱེད”ཅེས་པའི་ཁོར་ཡུག་སྲུང་སྐྱོང་གི་གཏམ་རྒྱུད་ལ་བལྟས་པ་དེའི་ནང་ན་ནིང་མངའ་རིས་ས་ཁུལ་གྱིས་གཙོ་གནད་ཆུ་བེད་རྣམ་གྲངས་ཏེ་སྒར་རྫོང་གི་ཆུ་འདྲེན་ལས་གྲྭ་སྐྲུན་སྐབས་གནས་དེའི་འུམ་ཤིང་རྐང་1500ལ་གཏོར་སྐྱོན་མི་ཕོག་པའི་ཆེད། ཆེད་མངགས་འཆར་འགོད་དང་ཇུས་གཞིར་བཟོ་བཅོས་བརྒྱབ་པ་དང་ལས་དུས་རིང་དུ་བཏང་བ་མ་ཟད། ད་དུང་ལས་གྲྭའི་མ་གནས་དང་དཀའ་ཚད་ཆེ་རུ་ཕྱིན་པ་བཏང་བ་དེ་གནས་དེའི་མཚར་གཏམ་དུ་གྱུར་པའི་སྐོར་རེད།

    ད་ཕན་ལོ་ཤས་རིང་བོད་ཀྱིས“སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ། གངས་འཁྱག་གི་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་བཙུགས་ཏེ་སྣོད་བཅུད་ཤེས་དཔལ་གྱི་འདུ་ཤེས་དང་ལྗང་མདོག་འཕེལ་རྒྱས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཁག་ལ་ཁྱབ་ཡོད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཉིང་ཁྲི་གྲོང་ཁྱེར་གྱི་ཧྲེ་ཀྲང་དབང་འདུས་ཀྱིས“ཡུལ་ལྗོངས་མཛེས་པ་དང་ཁོར་ཡུག་ལེགས་པ་ནི་ཉིང་ཁྲིས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བའི་ཁྱད་དུ་འཕགས་པའི་ཐོན་ཁུངས་ལེགས་ཆར་འགྱུར་ཡོད། ན་ནིང་ཉིང་ཁྲི་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་437ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་39བྱུང་བ་དེས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་བསྡོམས་འབོར་གྱི་བཅུ་ཆ་གསུམ་ཡན་བཟུང་ཡོད”ཅེས་གསུངས་བྱུང་།

    “ཤིན་ཅང་གི་མགྲོན་བསུ་ཁང”ཞེས་འབོད་པའི་ཨ་ལེ་ཐའེ་གྲོང་ཁྱེར་གྱིས་དུས་ཡུན་རིང་པོའི་ནང་ཁོར་ཡུག་སྲུང་སྐྱོང་སྔོན་ལ་འཇོག་པ་དང་སྣོད་བཅུད་ལ་བརྟེན་ནས་ལྗོངས་འཛུགས་ཀྱི་མཐའ་འཁྱོངས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ལྗང་མདོག་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པར་བརྟེན་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་ལེགས་སུ་གཏོང་བའི་ལས་དོན་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་སྟེ“ཤིན་ཅང་ས་ཆ་གཙང་ཤོས”ཀྱི་དམིགས་ཚད་ཕྱོགས་སུ་སྐྱོད་བཞིན་ཡོད།

    ཨ་ལེ་ཐའེ་གྲོང་ཁྱེར་ལ་གཏེར་ཁའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ཀྱང་། གཏེར་ཁ་གསར་སྤེལ་བྱས་ན་ས་གནས་ཀྱི་སྣོད་བཅུད་ཁོར་ཡུག་ལ་ཤུགས་རྐྱེན་ཆེན་པོ་བཟོ་གི་ཡོད། དེར་བརྟེན་ཨ་ལེ་ཐའེ་གྲོང་ཁྱེར་གྱིས་སེམས་ཐག་གཙང་བཅད་ཀྱིས་ཕྱོགས་གཅིག་ནས་གཏེར་རིའི་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ་སྣོད་བཅུད་ནུས་པའི་ཁུལ་དུ་གཏེར་དབང་གསར་པ་སླར་ཡང་མི་འཛུགས་པ་དང་། ཅིག་ཤོས་ནས་ཤིན་ཅང་གི་ལྗང་མདོག་སྐྱེ་ལྡན་བཟའ་བཅའ་ཐོན་སྐྱེད་ལས་སྣོན་རྟེན་གཞི་མགྱོགས་མྱུར་བསྐྲུན་ཏེ་ལྗང་མདོག་སྐྱེ་ལྡན་བཟའ་བཅའ་ཐོན་སྐྱེད་རྟེན་གཞི་དང་ཐོན་རྫས་བདེན་དཔང་ར་སྤྲོད་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བ་རེད།

    ལྗང་མདོག་འཕེལ་རྒྱས“བློ་ལ་ངེས་དགོས་པ་དང་ཤོག་ངོས་སུ་འབྲི་དགོས་པ”མ་ཟད་དེ་བས“དམ་འཛིན”བྱེད་དགོས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཕན་ཞའོ་གཡན་གྱིས་རང་རྒྱལ་གྱིས་སྔ་ཕྱི་བར་གསུམ་དུ་རྒྱུན་མཐུད་འཕེལ་རྒྱས་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་ནས་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན་བཅས་ཕྱོགས་ཁག་ཏུ་རྒྱུན་ཆད་མེད་པར་ཁྱབ་པ་བྱས་ཡོད། ལྗང་མདོག་འཕེལ་རྒྱས་དང་། འཁོར་རྒྱུག་འཕེལ་རྒྱས། ཐཱན་ཉུང་འཕེལ་རྒྱས་བཅས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཚེ། གཞི་ནས་མི་དམངས་ལ་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་བཟང་པོ་ཞིག་གཏོད་ཐུབ་ཅེས་གསུངས་པ་མ་ཟད། ཁོང་གིས་ལྗང་མདོག་འཕེལ་རྒྱས་གཏོང་བའི་འདུ་ཤེས་ཕྲུ་གུ་ནས་དམ་འཛིན་བྱེད་པ་དང་སློབ་གྲྭའི་ནང་ལ་གད་སྙིགས་རིགས་དབྱེ་དང་ཤིང་འཛུགས་ནགས་བཟོ་སོགས་ཀྱི་དོན་སྙིང་ཆེ་བའི་བྱེད་སྒོ་བཀོད་སྒྲིག་བྱས་ཏེ་ལྗང་མདོག་འཕེལ་རྒྱས་ཀྱི་དོན་སྙིང་གལ་ཆེན་ཕྲུ་གུ་ཚོའི་སེམས་སུ་ཟུག་པ་བྱ་རྒྱུའི་གྲོས་འགོ་བཏོན་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001361088711