གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། 2016ལོར་ སྲིད་ གཞུང་ གིས་ བསྒྲུབས་ པའི་ ལས་ དོན་ གཙོ་ བོ།

 
2017-03-07        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    1.མུ་མཐུད་སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་གསར་གཏོད་དང་ཤུགས་སྣོན་བརྒྱབ་ནས་དཔལ་འབྱོར་འཁོར་རྒྱུག་བྱ་རྒྱུ་ལུགས་མཐུན་གྱི་མཚམས་སུ་རྒྱུན་འཁྱོངས་ཐུབ་པ།

    ལོ་འཁོར་མོར་ཁེ་ལས་ཀྱི་ཁྲལ་འཇལ་ཁུར་པོ་སྒོར་དུང་ཕྱུར་5700ལྷག་ཙམ་ཡང་དུ་ཕྱིན་པ་དང་ལས་རིགས་ཚང་མའི་ཁྲལ་འཇལ་ཁུར་པོ་ཡང་དུ་འགྲོ་བ་ལས་ལྕི་རུ་མ་སོང་བར་ཁྱབ་ཆེའི་དངུལ་ལོར་M211.3%འཕར་ནས་13%ཙམ་གྱི་སྔོན་དཔག་དམིགས་ཚད་ལས་དམའ་བ་ཡོད་པ།

    2.“གསུམ་འདོར་གཅིག་གཅོག་གཅིག་གསབ”ལ་དམ་འཛིན་ཧུར་ཐག་བྱས་པས་མཁོ་སྤྲོད་གྲུབ་ཆ་ལེགས་སུ་ཕྲན་བུ་ཕྱིན་པ།

    ངར་ལྕགས་དང་རྡོ་སོལ་ལས་རིགས་གཙོ་གནད་དུ་བྱས་པའི་ཐོན་ནུས་འདོར་བར་ལོ་འཁོར་མོར་ངར་ལྕགས་ཐོན་ནུས་འདོར་ཚད་ཏུན་ཁྲི་6500ལྷག་ཙམ་དང་རྡོ་སོལ་ཐོན་ནུས་ཏུན་དུང་ཕྱུར་2.9ལྷག་ཙམ་ཟིན་ནས་ལོ་འཁོར་གྱི་དམིགས་ཚད་ལས་འགན་ཚད་བརྒལ་ངང་ལེགས་གྲུབ་ཟིན་ཡོད།

    3.སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་ཤུགས་ཆེན་བཏང་ནས་འཕེལ་རྒྱས་ཀྱི་གསོན་ཤུགས་སྔར་བས་ཆེ་རུ་ཕྱིན་པ།

    སྐབས་འདིའི་སྲིད་གཞུང་གི་སྲིད་འཛིན་ཞིབ་མཆན་དོན་ཚན་གསུམ་ཆ་གཅིག་ཉུང་དུ་གཏོང་བའི་དམིགས་ཚད་སྔ་སྣུར་དུ་ལེགས་གྲུབ་ཟིན་པའི་རྨང་གཞིའི་ཐོག་སླར་ཡང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཚན་དང་དེ་བཞིན་དམིགས་འཛུགས་ས་གནས་ཀྱིས་ལག་བསྟར་བྱེད་པའི་ཞིབ་མཆན་དོན་ཚན་ཁག་165མེད་པ་བཟོས་པ་དང་། ཞིབ་མཆན་མཚམས་སྦྱོར་ཞབས་ཞུའི་དོན་ཚན་ཁག་192དང་ལས་རིགས་ཀྱི་ཐོབ་ཐང་འཁྲོལ་འཛིན་གཏན་འཁེལ་དོན་ཚན་220གཙང་སེལ་དང་ཚད་ལྡན་དུ་བཏང་བ། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་ལམ་རྒྱུད་རྒྱལ་ཁབ་དང་འཐབ་ཇུས་འབྲེལ་མཐུད་དང་དངོས་སྒྲུབ་མཉམ་ལས་བྱ་རྒྱུར་སྐུལ་འདེད་བཏང་སྟེ་དངོས་སུ་བེད་སྤྱད་པའི་ཕྱི་ཕྱོགས་མ་རྩ་ཨ་སྒོར་དུང་ཕྱུར་1300ལྷག་ཙམ་ཟིན་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁྲོད་ཀྱི་ཨང་དང་པོར་མུ་མཐུད་སླེབས་ཡོད།

    4. གསར་གཏོད་ཀྱིས་སྣེ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་འགུལ་ནུས་གསར་པ་མགྱོགས་མྱུར་ཆགས་པ།

    རྒྱལ་ནང་གི་ནུས་ལྡན་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་རག་ཚད་ཁྲི་100ལས་ཚད་བརྒལ་བྱུང་བ་དང་།

    ལག་རྩལ་ཉོ་ཚོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི་1ལྷག་ཙམ་ཟིན་པ།

    ཚན་རྩལ་ཡར་ཐོན་གྱི་ལེགས་སྐྱེས་འབུལ་ཚད་56.2 %བར་མཐོ་རུ་ཕྱིན་པ།

    5. ས་ཁོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་འཕར་སྣེ་གསར་པ་དང་འཕར་རྒྱུད་གསར་པ་མགྱོགས་མྱུར་ཆགས་པ།

    གྲོང་རྡལ་ཅན་གསར་པར་སྐུལ་འདེད་མགྱོགས་མྱུར་བཏང་ནས་ཐེམ་ཐོའི་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་ཕྱོགས་ཡོངས་ནས་གནས་སྡོད་ལག་ཁྱེར་གཉེར་བའི་ལམ་ལུགས་ཁྱབ་གདལ་བཏང་བས་སླར་ཡང་མི་ཁྲི་1600གྲོང་ཁྱེར་གྱི་ཐེམ་ཁོངས་སུ་བཅུག་ཡོད།

    6. སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ལྗང་མདོག་འཕེལ་རྒྱས་ལ་འཕེལ་རིམ་གསར་པ་བྱུང་བ།

    དབྱང་གཉིས་ལིའུ་འགྱུར་ཕྱིར་འབུད་བྱེད་ཚད་5.6%ཆག་པ་དང་ཏན་དབྱང་འགྱུར་རྫས་ཕྱིར་འབུད་བྱེད་ཚད་4%ཆག་པ།

    གཙོ་གནད་གྲོང་ཁྱེར་74ཡི་ཕྲ་ཕུང་རིལ་བུ་(PM2.5)ལོའི་ཆ་སྙོམས་གར་ཚད་9.1% ཆག་པ།

    7. དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུར་མཐོང་ཆེན་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་སེམས་ཆེ་རུ་ཕྱིན་པ།

    དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་། རྒྱལ་ཡོངས་ནོར་སྲིད་ཀྱིས་ཆེད་དོན་དབུལ་སྐྱོར་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་1000ལྷག་ཙམ་ཟིན་པ།

    ལོ་ཧྲིལ་པོར་རིགས་ཁག་གི་སློབ་གྲྭར་རོགས་རམ་བྱས་ནས་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་མ་མི་ཐེངས་ཁྲི་8400ལྷག་ཙམ་ལ་རོགས་སྐྱོར་བྱས་ཡོད།

    8. སྲིད་གཞུང་འཛུགས་སྐྱོང་དང་བཅོས་སྐྱོང་གསར་གཏོད་ལ་སྐུལ་འདེད་བཏང་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་བྱས་པ།

    རུལ་སུངས་པ་ཁག་གཅིག་ལ་ཁྲིམས་ལྟར་ཆད་གཅོད་བྱས་ཏེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མགོ་གནོན་རང་བཞིན་གྱི་འཕེལ་ཕྱོགས་ཤིག་ཆགས་ཡོད།

མཛའ་འབྲེལ་དྲ་བ།
010020070840000000000000011100001361088871