གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ ཀྱི་ ལས་ བྱེད་ པ་ དང་ མང་ ཚོགས་ ཚོས་ སྲིད་ གཞུང་ གི་ ལས་ དོན་ སྙན་ སྒྲོན་ ལ་ གྲོས་ བསྡུར་ འཁྲུག་ པོ་ བྱས་ པ།

 
2017-03-08        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཚེས་5ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པ་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་རང་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོས་གྲོས་བསྡུར་འཁྲུག་པོ་བྱས་པ་རེད། ཚང་མས། ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནི་མང་ཚོགས་དང་ཉེ་བཅར་དང་དམངས་སེམས་དང་མཐུན་པ། དེ་བཞིན་ནང་དོན་ཕུན་སུམ་ཚོགས་ལ་དམ་པ་དོན་གཉེར་ཡིན་པ་མ་ཟད། རྩོམ་སྲོལ་སྙིང་བསྡུས་ཆེ་ལ་གནད་ལ་འཁེལ་བ། སྙན་སྒྲོན་ཆ་ཚང་ནང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་དང“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པ་སྔ་ཕྱི་བར་གསུམ་དུ་ཁྱབ་པ་དེས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཀྱི་གཙོ་རྐང་མཚོན་པས་བོད་ཀྱིས་མདུན་སྐྱོད་ལམ་བུ་གསར་པའི་ཐོག་ལས་དོན་ཁག་ཡག་པོ་སྒྲུབ་པར་མི་སེམས་ལ་སྐུལ་མ་ཐེབས་པའི་དམིགས་ཚད་རེད་ཅེས་འཚང་ཁ་ཤིག་ཤིག་ངང་བརྗོད།

    “ན་ནིང་མྱུར་བགྲོད་གཞུང་ལམ་སྤྱི་ལེ་6700ལྷག་དང་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་29གསར་སྐྲུན་བསྐྱར་སྐྲུན་བྱས་ཤིང་། འདི་ལོ་ད་དུང་གྲོང་གསེབ་ཀྱི་སྤྱི་པའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་གཞུང་ལམ་དང་ཆུ་འདྲེན་ལ་མ་རྩ་སྒོར་དུང་ཕྱུར་ཁྲི་1.8བཏང་སྟེ་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་20གསར་སྐྲུན་བསྐྱར་སྐྲུན་བྱ་རྒྱུ་ཡིན”ཞེས་གཞུང་ལམ་འཛུགས་སྐྲུན་ལས་དོན་སྐོར་གྱི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་ཕྱིར་དྲན་དང་བཀོད་སྒྲིག་ལས་གཡུ་འབྲུག་སྔོན་མོ་ཞིག་ཀྲུང་ཧྭའི་ས་གཞི་ཆེ་མོའི་ཐོག་འཁྱུག་དང་ཡང་དག་མཚུངས།

    བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔར་ནས་བཟུང་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་གི་འཕེལ་རྒྱས་ལ་མཐོང་ཆེན་གནང་གི་ཡོད་ཅིང་། ན་ནིང་བོད་ལྗོངས་ཀྱིས་གྲོང་གསེབ་གཞུང་ལམ་གསར་སྐྲུན་བསྐྱར་སྐྲུན་བྱས་པའི་རིང་ཚད་སྤྱི་ལེ་4363ཟིན་པར་གཏན་འཇགས་མ་གནས་ལ་མ་རྩ་སྒོར་དུང་ཕྱུར་103བཏང་བ་ཚང་མ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་བོད་རང་སྐྱོང་ལྗོངས་ཀྱིས་གཏན་འཁེལ་བྱས་པའི་དམིགས་ཚད་ལས་བརྒལ་ཡོད་པ་རེད།

    “འདི་ལོ་ནི‘ལོ་ལྔ་ཚན་བཅུ་གསུམ་པའི’འཆར་འགོད་ལག་ལེན་བསྟར་བའི་ལོ་གལ་ཆེན་ཞིག་རེད་ལ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་སྤེལ་གཏིང་ཟབ་གཏོང་བའི་ལོ་ཞིག་ཡིན་པས། གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་དེ་འགྲིམ་འགྲུལ་དབུལ་སྐྱོར་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་པ་དང་བོད་ལྗོངས་ཀྱི‘ཞིང་གསུམ’འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་གཞིར་བཟུང་། འདི་ལོ་བོད་ལྗོངས་ཀྱིས་མུ་མཐུད་གྲོང་གསེབ་ཀྱི་གཞུང་ལམ་གསར་སྐྲུན་བསྐྱར་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་ཤང་གྲོང་དང་སྒྲིག་ཁོངས་སུ་གཏོགས་པའི་གྲོང་ཚོར་ཤར་གཏོང་འདུ་འགོད་ལག་ལེན་བསྟར་ཏེ། མཐའ་མཚམས་གྲོང་ཚོར་མཁྲེགས་འགྱུར་ལམ་དང་གཞུང་ལམ་ཤར་གཏོང་ཧུར་ཐག་ཐུབ་པ་བྱ་རྒྱུ་ཡིན”ཞེས་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་གཞོན་པ་ཁྲེན་ཁྲའོ་ཡིས་བརྗོད།

    ལས་ཞུགས་ནི་མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་གླེང་མང་བའི་གནད་དོན་རེད་ལ། སྤྱི་ཚོགས་ཀྱི་འགལ་ཟླ་སྣ་ཚོགས་ཀྱི་མདོ་གནད་ཀྱང་རེད། ལས་ཞུགས་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་རྒྱུན་ཆད་མེད་པར་དམངས་འཚོ་ལེགས་སུ་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་འཚོ་བ་ཡག་ཏུ་གཏོང་བའི་རྩ་བའི་བྱ་ཐབས་རེད། སྲིད་གཞུང་གི་ལས་དོན་སྙན་སྒྲོན་དུ། “ལས་ཞུགས་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་ཞུགས་གསོ་སྦྱོང་ལ་ཤུགས་སྣོན་དང་བབ་བསྟུན་ལས་ཞུགས་དང་ལས་ཞུགས་བྱེད་སྟངས་གསར་པར་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ”དང་། “དྲ་ཐོག་ཉོ་སྒྲུབ” “དྲ་ཐོག་ཚོང་དོན” “དྲ་སྦྲེལ་+”སོགས་འགག་རྩའི་མིང་ཚིག་ཐོན་པ་ལས་ལས་ཞུགས་ཀྱི་འཆར་གཞི་གསར་པ་བཏིངས་ཡོད་པ་རེད།

    གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ཕན་ཐོགས་སྣམ་བུ་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་སྣེ་ཁྲིད་པ་སྤེན་པ་ཕན་ཐོགས་ཀྱིས། སྲིད་གཞུང་གི་ལས་དོན་སྙན་སྒྲོན་དུ་བཏོན་པའི“དངོས་ཚན་ཚོང་ཁང་གི་ཕྱིར་ཚོང་དང་དྲ་ཐོག་ཉོ་ཚོང་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་སྤེལ”དང“སྡེ་ཁུལ་དང་གྲོང་གསེབ་ཏུ་དྲ་ཐོག་ཚོང་དོན་དང་མྱུར་སྐྱེལ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས”ཞེས་པ་སོགས་མ་འོངས་པའི་དུས་སྐབས་གཅིག་རིང་གི་ཚོང་ལས་དང་ལས་ཞུགས་ཀྱི་དུས་བབ་ཁ་གསལ་བཏོན་འདུག་ཅེས་བརྗོད།

    ཉིན་འདི་དག་རིང་སྐད་འཕྲིན་གྱི་གྲོགས་ཚོགས་རིང་བསྔགས་བརྗོད་ཐོབ་མང་ཤོས་ནི“ལོ་འདིའི་རིང་རྒྱལ་ནང་གི་ཐག་རིང་ཁ་པར་དང་རྒྱང་སྒྲོལ་འགྲོ་གྲོན་ཚང་མ་མེད་པར་བཟོ་རྒྱུ་རེད”ཅེས་པ་དེ་རེད། དྲ་སྦྲེལ་གྱི་དུས་རབས་སུ་ཁྱབ་ཁོངས་ཁག་གི་འཕེལ་རྒྱས་དེ་བས་མགྱོགས་པ་དང་མ་གནས་དེ་བས་དམའ་བའི་ཆ་འཕྲིན་དྲ་རྒྱ་མཁོ་བས། འདི་ལོ་དྲ་རྒྱའི་མྱུར་ཚད་མགྱོགས་སུ་དང་འགྲོ་གྲོན་གཅོག་པའི་གོམ་སྟབས་དེ་བས་ཆེ་བ་ཞིག་སྤོས་ནས་ཁེ་ལས་དང་མང་ཚོགས་ཚང་མར་ཕན་པ་ཐོབ་པ་བྱ་རྒྱུ་ཡིན་པ་རེད།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། ན་ནིང་བོད་ལྗོངས་ཀྱི་དྲ་སྦྲེལ་གྱི་དྲ་ཆེན་གྲོན་དངུལ་དང་། སྒུལ་བདེའི་དྲ་སྦྲེལ་རྒྱུག་འབོར་གྲོན་དངུལ། ལག་ཐོགས་ཁ་པར་གྱི་རྒྱུག་འབོར་གྲོན་དངུལ་བཅས་དུས་མཚུངས་པ་ལས་ཁག་སོ་སོར་31.4%དང་། 14.3% 19.4%བཅས་ཆག་ནས་ཆག་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། དེའི་ནང་ནས་གྲོང་གསེབ་ཀྱི་ཁྲོམ་རར་དམིགས་ཏེ་བཏོན་པའི་ལག་ཐོགས་ཁ་པར་གྱི་གྲོན་དངུལ་འཛད་སྤྱོད་དམའ་ཤོས་སྒོར་8རང་རེད། “འདི་ལོ་བོད་ལྗོངས་ཀྱིས་སྲིད་གཞུང་ལས་དོན་སྙན་སྒྲོན་གྱི་བླང་བྱ་གཞིར་བཟུང་། གློག་འཕྲིན་གཉེར་སྐྱོང་ཁེ་ལས་ཀྱི་ཕྱིར་ཚོང་ཚོང་ཟོག་ལ་གསེད་བཀྲོལ་གྱིས་སྤྱོད་མཁན་གྱི་ཚོར་སྣང་ཞན་པ་དང་གྲོན་དངུལ་ལུགས་དང་མ་མཐུན་པའི་ལྷན་སྦྱར་ཞབས་ཞུ་མེད་པར་བཟོས་ཏེ། སྤྱོད་མཁན་ལ་གྲོན་དངུལ་ཁེ་བའི་འཕྲིན་གཏོང་ལས་སྒོ་མཁོ་འདོན་གང་ཐུབ་བྱ་རྒྱུ་ཡིན”ཞེས་བོད་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི། ཅུས་ཀྲང་ཆིང་ཆིས་བརྗོད།

མཛའ་འབྲེལ་དྲ་བ།
010020070840000000000000011100001361122381