གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། རྒྱལ་ ཡོངས་ མི་ དམངས་ འཐུས་ ཚོགས་ དང་ སྲིད་ གྲོས་ ཀྱི་ བོད་ ཀྱི་ འཐུས་ མི་ དང་ ཨུ་ ཡོན་ ཚོས་ མི་ རིགས་ མཐུན་ སྒྲིལ་ ལ་ འཛིན་ པའི་ སེམས་ ཀྱི་ དྲན་ འཆར།

 
2017-03-08        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཏང་གི་འགོ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་མི་རིགས་མཐུན་སྒྲིལ་ལ་དགའ་ཞེན་དང་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་བ་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་ནས་འཛམ་གླིང་ཡང་རྩེར་འཚོ་བའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་སེམས་སུ“མི་རིགས་མཐུན་སྒྲིལ་ནི་ཇ་དང་ཚྭ་བཞིན་འབྲལ་ཐབས་མེད་པ་ཞིག་ཡིན་པའི”ཚོར་སྣང་ཟབ་མོ་བྱུང་ཡོད།

    མི་རིགས་མཐུན་སྒྲིལ་སྐོར་གླེང་སྐབས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཀྱི་རང་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་ཚོའི་སེམས་སུ་རང་རང་གི་དྲན་འཆར་ཟབ་མོ་ཞིག་ཡོད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་རྩེད་ཐང་གྲོང་རྡལ་རྩེད་ཐང་གྲོང་ལྷན་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་ཀུན་བཟང་བྱ་རིགས་གསོ་སྤེལ་མཉམ་ལས་ཁང་གི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡེ་ཤེས་སྒྲོལ་མ་དང་ཁོ་མོའི་བཟའ་ཟླ་ཀན་ཞུའེ་ཏུང་ནི་ཕྱུག་འགྱུར་དཔེ་མཚོན་ཅན་ཞིག་ཡིན་ལ་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གི་མིག་དཔེའང་རེད།

    “འཚར་ལོངས་ཁོར་ཡུག་མི་གཅིག་པའི་རྐྱེན་གྱིས་ངེད་གཉིས་ཁ་རྩོད་བརྒྱབ་མྱོང་མེད། ཁོང་གི་ཡུལ་སྲོལ་གོམས་གཤིས་ལ་ངས་བརྩི་འཇོག་བྱེད་ཀྱི་ཡོད་ལ་ངའི་གོམས་གཤིས་ལའང་ཁོང་གིས་བརྩི་འཇོག་བྱེད་ཀྱི་འདུག”ཅེས་ཡེ་ཤེས་སྒྲོལ་མས་དེ་ལྟར་བརྗོད་ཅིང་། ཁོ་མོས“ངེད་གཉིས་དབར་མི་རིགས་ཀྱི་དབྱེ་བ་མེད། དུས་རྒྱུན་ཁྱིམ་དུ་ཁོང་གིས་ཀྱང་ཇ་སྲུབས་མ་འཐུང་བ་དང་རྩམ་པ་བཟའ་བས་འཚོ་བར་མི་གོམས་པ་མེད། ངའི་ཨ་མས་ཀྱང་ཁོང་ལ་རང་ཉིད་ཀྱི་ཕྲུ་གུ་བཞིན་བྱམས་སྐྱོང་བྱེད་ཀྱི་ཡོད”ཅེས་བཤད། བཟའ་ཚོ་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད་ཁོང་ཚོའི་གསོ་སྤེལ་བྱ་གཞག་ཡར་ངོའི་ཟླ་བཞིན་འཕེལ་རྒྱས་འགྲོ་བཞིན་མཆིས།

    བོད་ལྗོངས་སུ་ལོ་བརྒྱ་ཕྲག་དུ་མའི་ནང་ཕན་ཚུན་འགྲོ་འོང་དང་མཉམ་འདྲེས་དབང་གིས་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད་ལ། མི་རིགས་མཐུན་སྒྲིལ་གྱི་གཤིས་རྒྱུད་དང་སྟོབས་ཤུགས་བོད་ཀྱི་གནའ་དེང་གི་ས་གཞི་ཆེ་མོའི་གཤིན་སར་གཞིས་ཚུགས་ཡོད།

    “ང་ཚོ་གནས་སའི་མི་རིགས་ཁག་གིས་མཉམ་དུ་བཏོད་པའི་མི་རིགས་མང་བའི་གཅིག་གྱུར་གྱི་རྒྱལ་ཁབ་འདིའི་ནང་། མི་རིགས་ཁག་གི་ལོ་རྒྱུས་འཕེལ་རྒྱས་ཀྱི་དུས་ཡུན་རིང་མོའི་ནང་གཅིག་ལ་གཅིག་བརྟེན་དང་ཕན་ཚུན་ཁ་འབྲལ་ཐབས་མེད་པའི་འབྲེལ་བ་ཞིག་ཆགས་པ་དང་མཉམ་དུ་འཕེལ་རྒྱས་དང་དར་རྒྱས་ཡོང་བའི་འགྲོ་ལམ་ཐོག་སྐྱོད་བཞིན་ཡོད”ཅེས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་འཇིགས་མེད་རྣམ་རྒྱལ་གྱིས་མྱོང་ཚོར་ཟབ་མོའི་ངང་བཤད་ཅིང་། ཁོང་གིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་ནི་མེས་རྒྱལ་གོང་བུ་གཅིག་གྱུར་དང་མཐའ་མཚམས་སྲ་བརྟན་ཡོང་བ་བྱེད་པའི་དོན་ཆེན་དང་འབྲེལ་བ་ཞིག་སྔར་ནས་ཡིན་ལ། སྤྱི་ཚོགས་བརྟན་ལྷིང་ཡོང་བའི་རྨང་གཞི་དང་རྒྱལ་ཁབ་ཡུན་རིང་བདེ་འཁོད་དང་ཀྲུང་ཧྭ་དར་རྒྱས་ཕུན་སུམ་ཚོགས་པོ་ཡོང་བ་དང་འབྲེལ་བའི་རྨང་རྡོ་ལྟ་བུའང་ཡིན་ཞེས་བཤད།

    “ཏང་གི་མི་རིགས་སྲིད་ཇུས་ཡག་པོ་ཡོད་པས་ང་ཚོས་མི་རིགས་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་ཐུབ་ཀྱི་འདུག རྒྱ་རིགས་གྲངས་ཉུང་མི་རིགས་དང་ཁ་འབྲལ་ཐབས་མེད་པ་དང་། གྲངས་ཉུང་མི་རིགས་རྒྱ་རིགས་དང་ཁ་འབྲལ་ཐབས་མེད་ལ། གྲངས་ཉུང་མི་རིགས་ཁག་དབར་ཕན་ཚུན་ཁ་འབྲལ་ཐབས་མེད། འདི་ལྟ་བུའི་འབྲེལ་བ་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་ནང་བརྟན་པོ་ཟུག་ཡོད”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའི་ཀྲོན་ཡོན་ཕུན་ཚོགས་ཀྱིས་དེ་ལྟར་བཤད།

    ཉེ་ཆར་ཙུང་ལི་ལི་ཁེ་ཆང་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཏང་གི་མི་རིགས་སྲིད་ཇུས་ལག་ལེན་གཏིང་ཟབ་བསྟར་ནས་མི་རིགས་མཐུན་སྒྲིལ་ཡར་རྒྱས་གཏོད་པའི་བྱེད་སྒོ་གཏིང་ཟབ་སྤེལ་དགོས་པ་དང་། མི་རིགས་ས་ཁུལ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་བཏང་ནས་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ཧུར་ཐག་སྤེལ་ཏེ་གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བ་དང་མི་འབོར་ཉུང་བའི་མི་རིགས་འཕེལ་རྒྱས་གཏོང་རོགས་བྱེད་དགོས། མི་རིགས་ཁག་གི་མི་དམངས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་བརྒྱུད་རིམ་ཁྲོད་ཐུན་མོང་ཐོག་དར་རྒྱས་ཕུན་སུམ་ཚོགས་པ་ཡོང་བར་སྐུལ་མ་གཏོང་དགོས་ཞེས་གསུངས་ཡོད།

    འཐུས་མི་དང་ཨུ་ཡོན་ཚོས་མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བྱུང་ཚེ་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེ་མོའི་ནང་སྔར་བས་ལུས་བདེ་སེམས་སྐྱིད་ཡོང་ངེས་རེད་ཅེས་བཤད།

མཛའ་འབྲེལ་དྲ་བ།
010020070840000000000000011100001361122971