གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། ལི་ ཁེ་ ཆང་ བོད་ ཀྱི་ འཐུས་ མི་ ཚོགས་ པའི་ གྲོས་ ཞིབ་ ནང་ ཞུགས་ པ།

 
2017-03-09        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ལི་ཁེ་ཆང་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས།

    འཕེལ་རྒྱས་བརྟན་ལྷིང་ལ་སྤྱི་འདོམས་འཆར་འགོད་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་ནུས་ཤུགས་ཡོད་རྒུས་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ།

    ཟླ་3ཚེས་7ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

    ཟླ་3ཚེས་7ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། འདི་ནི་ལི་ཁེ་ཆང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རང་ལྗོངས་ཀྱི་འཐུས་མི་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བའི་གནས་ཚུལ་ཡིན་པ།

    ཟླ་3ཚེས་7ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་དང་ལྷག་པར་དུ་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་མཐོ་ཚད་ཐོག་ནས་དུས་བབ་གསར་པའི་འོག་གི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ་མུ་མཐུད་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་གཞིར་བཟུང་སྤྱི་འདོམས་འཆར་འགོད་ཀྱིས་བོད་ཀྱི་ལས་དོན་ལ་སྐུལ་འདེད་བཏང་སྟེ་འཕེལ་རྒྱས་དང་བརྟན་ལྷིང་གཅིག་རམ་གཅིག་འདེགས་ཡོང་བ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་ནུས་ཤུགས་ཡོད་རྒུས་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བྱམས་པ་ཕུན་ཚོགས་གྲོས་ཞིབ་ནང་ཞུགས་པ་དང་འབྲེལ་གཏམ་བཤད་ཀྱང་གནང་བ་དང་བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་བཅས་ཡིན་པའི་པད་མ་འཕྲིན་ལས་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྲོས་ཞིབ་ནང་ཞུགས་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་ཚོགས་འདུར་ཟུར་ཞུགས་གནང་བ་རེད།

    སྔ་དྲོའི་ཆུ་ཚོད་དགུ་པར་ལི་ཁེ་ཆང་མི་དམངས་ཚོགས་ཁང་ཆེ་མོའི་བོད་ལྗོངས་ཚོམས་ཆེན་དུ་ཕེབས་སྐབས་འཐུས་མི་པད་མ་ཆོས་སྒྲོན་དང་། བཀྲ་ཤིས་དབྱངས་ཅན། ཚེ་དབང་རིག་འཛིན་དང་བླ་ཆེན་ཕུར་བུ་ཚེ་རིང་དང་བསོད་ནམས་ཕུན་ཚོགས་བཅས་ཀྱིས་ཙུང་ལིར་དཀར་གཙང་མཇལ་དར་ཕུལ་ནས་སྨོན་འདུན་བཟང་པོ་ཞུས་པ་མ་ཟད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་གུས་འདུད་དང་ཐུགས་རྗེ་ཆེ་ཞུ་ལུགས་མཚོན་པ་བྱས། སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་ལི་ཁེ་ཆང་གིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ཚོགས་འདུའི་ཟུར་ཞུགས་མི་སྣ། ཚོགས་འདུའི་ཟུར་ཉན་མི་སྣ་བཅས་ལ་ཕྱག་བཏང་སྟེ་འཚམས་འདྲི་གནང་བ་རེད།

    འཐུས་མི་ཝུའུ་དབྱིང་ཅེ་དང་། བྱམས་པ་ཕུན་ཚོགས། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཕུན་ཚོགས། ཕུར་བུ་ཚེ་རིང་བཅས་དང་ཚོགས་འདུར་ཟུར་ཞུགས་གནང་མཁན་དང་ཚོགས་འདུའི་ཟུར་ཉན་མི་སྣ་བཅས་ཀྱིས་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུ་དང་། མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུ། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལག་བསྟར་གཏིང་ཟབ་བྱ་རྒྱུ། དགོན་སྡེའི་དོ་དམ་གསར་གཏོད་ལ་ཤུགས་སྣོན་རྒྱག་རྒྱུ་སོགས་བརྗོད་དོན་གཙོ་བོར་དམིགས་ཏེ་གཏམ་བཤད་གནང་བ་རེད། ལི་ཁེ་ཆང་གིས་གསན་གྱིན་དུ་ཟིན་བྲིས་བཀོད་གནང་བ་དང་སྐབས་འགར་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་གནང་བའི་ཐོག་ཚང་མ་དང་ཕན་ཚུན་བསམ་འཆར་བརྗེ་རེས་གནང་བས་ཚོགས་རའི་རྣམ་པ་ཧ་ཅང་འཁྲུག་པོ་ཡོད།ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས། ལི་ཁེ་ཆང་གིས་གསུང་བཤད་གལ་ཆེན་གནང་སྟེ་འདས་ཟིན་པའི་ལོ་གཅིག་ནང་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་ཞིང་། ཁོང་གིས་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཁྲོད་བོད་ཀྱིས་དམིགས་བསལ་གྱི་གནས་བབ་གལ་ཆེན་ལྡན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྔར་ལས་ལྷག་པའི་སྒོ་ནས་བོད་ཀྱི་ལས་དོན་གནས་བབ་གལ་ཆེན་ཐོག་བཞག་ཡོད། འདི་ལོ་མུ་མཐུད་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་གཞིར་བཟུང་སྤྱི་འདོམས་འཆར་འགོད་ཀྱི་བོད་ཀྱི་ལས་དོན་ལ་སྐུལ་འདེད་བཏང་ནས་འཕེལ་རྒྱས་དང་བརྟན་ལྷིང་གཅིག་རམ་གཅིག་འདེགས་ཐུབ་པ་བྱེད་དགོས། དམངས་འཚོ་འགན་ལེན་དང་ལེགས་གཏོང་གི་གཙོ་གནད་མངོན་པ་བྱས་ཏེ་མང་ཚོགས་ཀྱིས་རེ་སྒུག་ཆེན་པོ་བྱེད་པའི་སློབ་གསོ་དང་། སྨན་བཅོས། དྲོད་རླངས་མཁོ་འདོན་འདུ་འགོད་སོགས་ལ་དམིགས་ཏེ་དམངས་འཚོའི་ཁྱབ་ཁོངས་ཀྱི་ཞན་ཆ་མགྱོགས་མྱུར་གསབ་ནས་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། སྣོད་བཅུད་སྲུང་སྐྱོང་ནན་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཡུལ་སྐོར་དང་། ནུས་རྒྱུ་གཙང་མ། མི་རིགས་གསོ་རིག་སྨན་བཅོས་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། རྒྱལ་ཁབ་ཀྱིས་འགྲིམ་འགྲུལ་དང་གློག་དྲའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ལ་རྒྱབ་སྐྱོར་དང་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་སྣེ་ཁྲིད་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་རྒྱུར་གྲངས་ཀྱི་ཕན་ནུས་འདོན་སྤེལ་བྱེད་དགོས། གཞན་རྟེན་རང་རྟེན་དང་ཟུང་འབྲེལ་དམ་ཟབ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལྷག་པར་དུ་མཐའ་མཚམས་ས་ཁུལ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་དགོས། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་ཆེན་པོ་བརྒྱབ་ནས་མི་རིགས་ཁག་ཞི་མཐུན་མཉམ་གནས་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་། ཆོས་ལུགས་ཀྱི་འབྲེལ་བ་ཞི་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བཅས་བྱས་ནས་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་མཉམ་དུ་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ཙུང་ལི་ལི་ཁེ་ཆང་ཐུགས་བྲེལ་ཆེ་ཡང་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཏེ་འཐུས་མི་ཚོར་གཟིགས་པ་དང་། བསམ་འཆར་གསན་པ། མཉམ་དུ་རྒྱལ་དོན་གླེང་བ་བཅས་གནང་བ་དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་མཚོན་ཡོད་ལ། ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་དམིགས་བསལ་ཐུགས་ཁུར་གནང་བ་སླར་ཡང་མཚོན་ཡོད། ཙུང་ལི་ལི་ཁེ་ཆང་གིས་གསུང་བཤད་གལ་ཆེན་གནང་ནས་ང་ཚོའི་ལས་དོན་ལ་གདེང་འཇོག་གང་ལེགས་གནང་བ་མ་ཟད། སླད་ཕྱིན་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལའང་རེ་བ་ཟབ་མོ་བཅོལ་གནང་ཡོད། ཙུང་ལིའི་གསུང་བཤད་གལ་ཆེན་ནི་ཐུགས་བཟང་ཚིག་ནན་དང་། ཞིབ་ཕྲ་གཏིང་ཟབ། མཐོ་གཟིགས་འོག་བསྐྱངས། གཟིགས་རྒྱང་རིང་བ་བཅས་ཡོད་ལ། མཛུབ་ཁྲིད་རང་བཞིན་དང་། དམིགས་སའི་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ཆེན་པོ་ལྡན་ཡོད། ང་ཚོས་སློབ་སྦྱོང་ནན་ཏན་དང་། གོ་བ་གཏིང་ཟབ་ལེན་པ། དམ་འཛིན་དོན་འཁྱོལ་བཅས་བྱས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པའི་བློ་བརྟན་གྱི་རྣམ་འགྱུར་ཐོག་ནས་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་སྔར་བས་ཡག་པོ་སྒྲུབ་པ་དང་གཡུར་ཟའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་མ་ཟད། ཙུང་ལིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བཅངས་པའི་བྱམས་བརྩེའི་ཐུགས་ཁུར་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ལྗོངས་ཡོངས་མི་རིགས་ཁག་གི་མི་དམངས་བློ་ཡིད་ཚིམ་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001361150351