གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། རྒྱལ་ ཡོངས་ སྲིད་ གྲོས་ ཀྱི་ བོད་ ཀྱི་ ཨུ་ ཡོན་ རིགས་ ཁོངས་ ཁག་ གི་ གྲོས་ བསྡུར་ ནང་ ཞུགས་ པ།

 
2017-03-09        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ​ཟླ་3ཚེས་7ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱི་རང་ལྗོངས་ཀྱི་ཨུ་ཡོན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་རིགས་ཁོངས་ཁག་གི་གྲོས་བསྡུར་ནང་ཞུགས་པ་དང་2016ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་། 2017ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་འཆར་ཟིན་གྱི་སྙན་སྒྲོན་དང་དེ་བཞིན་2017ལོའི་འཆར་འགོད་འཆར་ཟིན། 2016ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2017ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་གྱི་སྙན་སྒྲོན་དང་2017ལོའི་རྒྱལ་ཡོངས་ཀྱི་སྔོན་རྩིས་འཆར་ཟིན་བཅས་ལ་གྲོས་བསྡུར་བྱས་པ་དང་། རིགས་ཁོངས་འདི་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་མུ་མཐུད་གྲོས་བསྡུར་བྱས་པ་རེད།

    བསྟན་ཁོ་དང་། ཤིང་རྩ་བསྟན་འཛིན་ཆོས་གྲགས། ལྕགས་རྭ་བློ་བཟང་བསྟན་འཛིན། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། རྫོང་ལོ་བྱམས་པ་མཁས་གྲུབ། ས་ལུང་ཕུན་ལགས། ང་ཕོད་འཇིགས་ཡོན་སོགས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པར་ཞུགས་མཁན་རང་ལྗོངས་ཀྱི་ཨུ་ཡོན་རིགས་ཁོངས་ཁག་གི་གྲོས་བསྡུར་ནང་སོ་སོར་ཞུགས་པ་རེད།

    ཨུ་ཡོན་ཚོས་འཆར་འགོད་སྙན་སྒྲོན་དང་། སྔོན་རྩིས་སྙན་སྒྲོན། སྲིད་གཞུང་གི་ལས་དོན་སྙན་སྒྲོན་བཅས་གཅིག་ཤུལ་གཅིག་འཛིན་ཡིན་པ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གང་ལེགས་མཚོན་པ་དང་དཔལ་འབྱོར་འཁོར་རྒྱུག་གི་ནང་གནས་ཆོས་ཉིད་མཚོན་པས་གཙོ་གནད་མངོན་གསལ་དོད་པ་དང་རྩིས་ཁྲ་ཁ་གསལ་པོ་བྱུང་ནས་རྒྱལ་ཡོངས་མི་དམངས་ལ་རྩིས་གསལ་པོ་ཞིག་བརྒྱབ་པ་དང་འདྲི་ཤོག་ཡག་པོ་ཞིག་ཕུལ་ཐོག་འདི་ལོའི་ལས་ཀའི་བཀོད་སྒྲིག་ཚན་རིག་དང་མཐུན་ལ་ལུགས་དང་མཐུན་པ་དང་ལག་བསྟར་བྱེད་ཆོག་པ་ཞིག་ཡོད་པའི་ངོས་འཛིན་གནང་བ་རེད།

    ཨུ་ཡོན་ཚོས་ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་མུ་མཐུད་གྲོས་བསྡུར་གནང་སྐབས་སྙན་སྒྲོན་གྱིས་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་ཡོང་བ་བྱེད་པའི་ཐད་ཆེད་མངགས་རྒྱས་བཤད་དང་བཀོད་སྒྲིག་བྱས་པ་དང་ལྷག་པར་དུ“མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་ནན་ཏན་བྱེད་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་དགོས་པ”དང“མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་མཐའ་དར་དམངས་ཕྱུག་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ་དང་། གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བ། མི་འབོར་ཅུང་ཉུང་བའི་མི་རིགས་ཀྱི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པ། མི་རིགས་ཁག་གི་མི་དམངས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་འཕེལ་རིམ་ཁྲོད་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ”བཏོན་པ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་རིགས་ས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ལ་ཐུགས་ཁུར་གཟབ་བཞེས་གནང་བས་མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན། མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་བཅས་ཚོར་ཐུབ་པ་གང་ལེགས་མཚོན་ཡོད་པའི་ངོས་འཛིན་གནང་བ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001361150631