བོད་ལྗོངས།
༄༅།།ལྷ་ས་གྲོང་ཁྱེར་གྱི་2016ལོའི་ལོ་འཁོར་གྱི་ཁོར་ཡུག་བསྡོམས་རྩིས་ལས་དོན་ལེགས་གྲུབ་བྱུང་བ།

    གསར་འགོད་པས་ལྷ་ས་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ལྷ་ས་གྲོང་ཁྱེར་གྱི་2016ལོའི་ལོ་འཁོར་གྱི་ཁོར་ཡུག་བསྡོམས་རྩིས་ལས་དོན་ལེགས་གྲུབ་ཟིན་པ་དེས་གྲོང་ཁྱེར་ཡོངས་ཀྱི་ཁོར་ཡུག་སྤུས་ཚད་ཀྱི་གནས་ཚུལ་ཞིབ་འཇུག་དང་། དེ་བཞིན་ཆ་འཕྲིན་ཡོངས་བསྒྲགས་ཐད་གྲངས་གཞིའི་འབྱུང་ཁུངས་གལ་ཆེན་མཁོ་འདོན་བྱས་པ་རེད།

    ཁོར་ཡུག་གི་བསྡོམས་རྩིས་གྲངས་གཞི་ཚང་མ་གནད་འཁེལ་ནུས་ལྡན་ཡོང་ཆེད་ལྷ་ས་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་སྦགས་བཙོག་འགོག་བཅོས་ཁང་གིས“བཀོད་སྒྲིག་ཡོད་པ་དང་། དོན་འཁྱོལ་ཐུབ་པ། ལྟ་སྐུལ་ཞིབ་བཤེར”བཅས་མཐའ་འཁྱོངས་བྱས་ནས་ལས་དོན་མི་སྣས་གྲངས་གཞི་ཞིབ་བཤེར་གཏན་འབེབས་ཀྱི་འགག་སྒོ་ནན་པོ་བསྲུངས་ཏེ་བསྡོམས་རྩིས་ལས་དོན་གྱི་སྤུས་ཚད་ཕྱོགས་ཡོངས་ནས་གོང་མཐོར་བཏང་བ་རེད། ད་ཐེངས་བརྟག་དཔྱད་ཀྱི་བསྡོམས་རྩིས་ཁྱབ་ཁོངས་སུ་བཅུག་པའི་ཁེ་ལས་དང་བྱ་གཞག་ཚན་པ་264ཡོད་པ་དག་གཏེར་རིའི་ཁེ་ལས་དང་། སྨན་རྫས། བཟའ་བཅའ། ཆང་རག ཨར་འདམ། འཛུགས་སྐྲུན་རྒྱུ་ཆ། ཕྱུགས་བྱ་གསོ་ཚགས་སོགས་ལས་རིགས་སམ་ཁེ་ལས་དང་འབྲེལ་བ་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001366119901