བོད་ལྗོངས།
༄༅།།བོད་ལྗོངས་ཀྱིས་བརྒྱ་ཆ་བདུན་བཅུ་ཡན་གྱི་ནོར་ཤུགས་དམངས་འཚོའི་ཐོག་གཏོང་རྒྱུ་ཡིན་པ།

    ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་དུས་སུ་གསར་འགོད་པར་བོད་རང་སྐྱོང་ལྗོངས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ལྔའི་རིང་། བོད་ཀྱིས་ལོ་རིར་རྒྱ་ཆ་བདུན་བཅུ་ཡན་གྱི་ནོར་ཤུགས་དམངས་འཚོའི་ཐོག་གཏོང་གི་ཡོད་པ་དང་། ན་ནིང་ཁོ་ནར་ནོར་སྲིད་ཀྱི་མ་དངུལ་སྒོར་དུང་ཕྱུར་1266སློབ་གསོ་སོགས་དམངས་འཚོའི་ཐོག་བེད་སྤྱོད་བྱས་ཡོད་པ་དེ་༢༠༡༢ལོ་དང་བསྡུར་ན་རྒྱ་ཆ་98.7འཕར་ཡོད་པ་དང་། ནོར་སྲིད་ཀྱི་སྤྱིའི་གཏོང་སྒོའི་བརྒྱ་ཆ་79.8ཟིན་གྱི་ཡོད་པ་རེད།

    ལོ་ལྔའི་རིང་། ལྗོངས་ཡོངས་ཀྱི་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར་4613དང་བྱེ་བ་9དང་ས་ཡ་9ཟིན་ཡོད་པ་རེད། ནོར་སྲིད་ཡོང་སྒོ་སྒོར་དུང་ཕྱུར་6041དང་བྱེ་བ་1དང་ས་ཡ་1ཟིན་ཡོད་པ་དང་འགྲོ་གྲོན་སྒོར་དུང་ཕྱུར་6138དང་བྱེ་བ་2བཏང་ཡོད་པ། ཡོང་སྒོ་དང་འགྲོ་གྲོན་སྤྱིའི་ཆ་ནས་དོ་སྙོམས་ཡིན་པ་རེད། བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་ཐིང་ཀྲང་གཞོན་པ་ཅང་གོའི་ཅའི་ཡིས། ད་ལོ་ང་ཚོས་ད་ཡོད་ཀྱི་རྨང་གཞིའི་ཐོག་གོམ་གང་མདུན་སྤོས་ཀྱིས་མ་དངུལ་སྒོར་དུང་ཕྱུར་300བཀོད་སྒྲིག་བྱས་ནས་དམངས་འཚོའི་ལས་དོན་དངོས་བཅུ་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་དང་། ཕྱོགས་བཅུའི་ཐད་ཀྱི་དམངས་འཚོའི་སྲིད་ཇུས་33ལག་བསྟར་དྱེད་རྒྱུ་དེ་ན་ནིང་དང་བསྡུར་ན་རྒྱ་ཆ་79.5འཕར་ཡོད་པས། མི་དམངས་མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་ཕན་པ་སྐྲུན་ཡོད་ཅེས་གསུང་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001366120021