བོད་ལྗོངས།
༄༅།།ཀྲུང་དབྱང་སྒྲིག་ཨུད་ཀྱི་དྲ་ཚིགས་ཐོག“ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་རིང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ལ་ལྟ་སྐུལ་དོ་དམ་དང་། ཐེར་འདོན། དམར་འདོན་བཅས་ཀྱི་ཆེད་ཁུལ”བཏོད་པ།

    ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་འཆར་ཉེར་ཡོད་ཅིང་། དུས་ཆེན་དང་དུས་ཚིགས་གལ་ཆེན་ལ་དམ་འཛིན་གྱིས“སྤྱོད་ཚུལ་བཞི”རྒྱུན་མཐུད་ཡོ་བསྲང་བྱས་ཏེ་བསྐྱར་ལོག་སྔོན་འགོག་བྱ་ཆེད། ཀྲུང་དབྱང་སྒྲིག་ཨུད་ལྟ་ཞིབ་པུའི་དྲ་ཚིགས་ཐོག“ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་རིང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ལ་ལྟ་སྐུལ་དོ་དམ་དང་། ཐེར་འདོན། དམར་འདོན་བཅས་ཀྱི་ཆེད་ཁུལ”བཏོད་པ་རེད།

    ཆེད་ཁུལ་དུ“ངས་ཐེར་འདོན་བྱེད་ཀྱི་ཡིན”ཞེས་པའི་སྐར་ཁུང་བཙུགས་པས། རྒྱ་ཆེའི་དྲ་གྲོགས་ཀྱིས་དྲ་ཚིགས་དང་། དུད་སྣེ། སྐད་འཕྲིན་སྤྱི་རྟགས་བཅས་བརྒྱུད་དུས་ཆེན་རིང་གཞུང་གྲོན་སྤྱད་དེ་བཟའ་བཏུང་དང་ཡུལ་སྐོར་བྱེད་པ་དང་། ཏང་ཡོན་ལས་བྱེད་པས་ལག་རྟགས་ལེན་པ་དང་གཞན་ལ་སྐྱེལ་བ། ལྐོག་ཏུ་ཡིབ་པའི་རོལ་རྩེད་ཁང་དུ་སྐྱོད་པ། གསང་བའི་འདུ་འཛོམས་སྒྲིག་འཛུགས་བྱེད་པ་སོགས་ཚུལ་མིན་གྱི་སྤྱོད་ཚུལ་ལ་ལྟ་སྐུལ་དོ་དམ་དང་ཐེར་འདོན་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞིང་། ཆེད་ཁུལ་གྱི“གཟའ་འཁོར་རེའི་བརྡ་ཁྱབ”ཀྱི་ལེ་ཚན་དུ་ཟླ་9ཚེས་20ཉིན་ནས་བཟུང་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཁག་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ལ་གཅིག་སྡུད་ཐོག་མིང་འདོན་བྱས་ཏེ་དམར་རྗེན་དུ་སྟོན་རྒྱུ་རེད། “‘སྤྱོད་ཚུལ་བཞིའི’ལྟ་སྐུལ་དོ་དམ་སོ་ལྟ་ཁང”གི་ཆེད་གཏོད་ལེ་ཚན་གྱིས་དཔེ་མཚོན་གནད་དོན་ལ་དབྱེ་ཞིབ་དང་ཉེན་བརྡ་གཏོང་རྒྱུ་རེད། ཆེད་ཁུལ་དུ་ད་དུང“དྲ་གྲོགས་ཀྱི་ཟིན་ཐོའི”ལེ་ཚན་ཡོད་པས། རྒྱ་ཆེའི་དྲ་གྲོགས་ཀྱིས་མིག་མཐོང་ལག་འཛིན་བྱུང་བའི་ཚུལ་མིན་གྱི་སྤྱོད་ཚུལ་གྱི་འཕེལ་ཕྱོགས་གསར་པ་དང་མངོན་ཚུལ་གསར་པ་བརྗོད་ནས་མངོན་མེད་ཐོག་འགྱུར་ལྡོག་འགྲོ་བའི“སྤྱོད་ཚུལ་བཞི”འཚོལ་བཤེར་བྱེད་པ་དང་འབྲེལ་ཚུལ་མིན་གྱི་སྤྱོད་ཚུལ་མེད་པར་བཟོ་བར་ཐབས་དང་ཇུས་འདོན་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001366179351