བོད་ལྗོངས།
༄༅།།ད་ཆ་བོད་དུ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་89ཡོད་པ།

    ཟླ་9ཚེས་11ཉིན་གསར་འགོད་པར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་གསལ། ད་ཆ་བོད་རང་སྐྱོང་ལྗོངས་སུ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་89ཡོད་པ་དང་། རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་68ཡོད། དེའི་ནང་ལོ་ལྔའི་རིང་རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་13མང་དུ་ཕྱིན་པ་དང་། རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་15མང་དུ་ཕྱིན་པས་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ཡོད།

    ད་ཕན་ལོ་ཤས་རིང་། བོད་ཀྱི་རིམ་ཁག་ནོར་སྲིད་ཀྱིས་ལྷ་མོ་དང་གེ་སར་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྣམ་གྲངས་ཁག་གཉིས་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་1500ལྷག་ཙམ་བཏང་སྟེ་དམངས་ཁྲོད་ལས་ཞོར་ལྷ་མོའི་རུ་ཁག་དང་གེ་སར་གྱི་སྒྱུ་རྩལ་པར་གཙོ་གནད་ཐོག་སྲུང་སྐྱོང་དང་རོགས་སྐྱོར་བྱས་ཡོད། མིག་སྔར་ལྗོངས་ཡོངས་ཀྱི་དམངས་ཁྲོད་ལྷ་མོའི་རུ་ཁག་གོང་གི་རུ་ཁག་ལ་མི་གྲངས་50ལས་མེད་པ་ནས་མི་གྲངས་140ལྷག་ཙམ་བར་མང་དུ་ཕྱིན་པ་དང་། ལྷ་མོའི་སྒྱུ་རྩལ་པ་3000ཙམ་ཡོད་པ། གེ་སར་སྒྲུང་པ་100ཙམ་བཅས་ཡོད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001366179361