བོད་ལྗོངས།
ཉིང་ཁྲི་གྲོང་ཁྱེར་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་པ།

    འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་31ཉིན་གྱི་ཕྱི་དྲོ་ཉིང་ཁྲི་གྲོང་ཁྱེར་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་ཡན་ཤིན་ཧང་གིས་ཉིང་ཁྲི་གྲོང་ཁྱེར་གྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་པའི་འགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་ཐོག་སྔོན་ལ་གཏམ་བཤད་སྤེལ་བ་རེད།

    ཚོགས་ཁང་ནང་ད་དུང་ཉིང་ཁྲི་གྲོང་ཁྱེར་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གི་གཙོ་འགན་ཁུར་མཁན་བློ་མཐུན་ཡོད། ཚང་མ་སྤྲོ་སེམས་ཆེན་པོའི་ངང་དེ་གར་འཛོམས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་གྱི་རྣམ་པ་ནས་འཚོགས་པ་དང་ཚོགས་ར་གཙོ་བོ་ཕུད་ཉིང་ཁྲི་གྲོང་ཁྱེར་ཁུལ་གསར་གློག་འཕྲིན་ཐོག་བརྩེགས་ཁང་ཆེན་དང་། རྫོང(ཆུས)ཁག ཤང(གྲོང་རྡལ)ཁག་བཅས་སུ་ཡན་ལག་ཚོགས་ར་བཙུགས་ནས་ཉིང་ཁྲི་གྲོང་ཁྱེར་གྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་སྔར་བས་གཏིང་ཟབ་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་བཅས་ཀྱི་ཐོག་ནས་བློ་སེམས་གཅིག་མཐུན་དང་མཐུན་སྒྲིལ་འབད་འབུངས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ཉིང་ཁྲིའི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་འབད་འབུངས་ཧུར་ཐག་བྱ་རྒྱུའི་སྐུལ་སློང་བྱས་པ་རེད། ཉིང་ཁྲི་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་རེན་གཞོན་པ་ཧྥེ་ཧུང་མའེ་ཡིས་ང་ཚོའི་ཡུལ་སྐོར་ཁོངས་གཏོགས་ཀྱིས་གཅིག་སྡུད་སློབ་སྦྱོང་དང་རང་རྟོགས་སློབ་སྦྱོང་བྱེད་པའི་དབར་ཟུང་འབྲེལ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ཏང་འཛུགས་སྐྱོང་གི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པའི་དབར་ཟུང་འབྲེལ། ཡུལ་སྐོར་ལས་དོན་གྱི་ཇུས་འགོད་དང་ཟུང་འབྲེལ་བཅས་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་གདོང་དམག་བྱེད་ཕོད་པ་བྱས་ནས་ཉིང་ཁྲིའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཕྱོགས་སྒྱུར་དང་མཆོང་སྐྱོད་འཕེལ་རྒྱས་ཡོང་བ་དང་ཡུལ་སྐོར་དཔལ་འབྱོར་གྱི་སྟོབས་ཆེའི་གྲོང་ཁྱེར་འཛུགས་སྐྲུན་བྱ་ཆེད་འབད་འབུངས་ཧུར་ཐག་བྱེད་དགོས་ཞེས་བཤད།

    “ཏང་གི་ཚོགས་ཆེན་བཅུ་དགུ་པས་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་དུང་བརྡ་བསྒྲགས་ཡོད། གཞི་རིམ་གྱི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་ཞིག་གི་ངོས་ནས་བརྗོད་ན། འགན་འཁྲི་དང་གཟི་བརྗིད་ཚོར་བ་མ་ཟད། ད་དུང་ལས་འགན་ལྕི་པོ་ཡིན་པའང་ཚོར་གྱི་འདུག སླད་ཕྱིན་གྱི་ལས་དོན་ནང་ཏང་གི་སྒྲིག་ཡིག་གིས་དཀྲིས་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་སྒྲུབ་པ་དང་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟེན་པོར་ངེས་ནས་འགན་ཐེག་ཕོད་པ་དང་། འགན་འཁུར་ཕོད་པ། ལྟ་སྐུལ་བྱེད་ཕོད་པ་བཅས་བྱས་ནས་མང་ཚོགས་ཀྱི་ཉེ་འགྲམ་དུ་ཐོན་པའི་ཚུན་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་ནུས་ལྡན་བྱེད་པ་དང་སྤྱོད་ཚུལ་ལེགས་སུ་དང་སྒྲིག་ཁྲིམས་ནན་དུ་བཏང་སྟེ་ཉིང་ཁྲིའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུ་ཡིན”ཞེས་ཉིང་ཁྲི་གྲོང་ཁྱེར་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲང་ཧྭ་ལུའེ་ཡིས་བཤད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།
010020070840000000000000011100001367391251