བོད་ལྗོངས།
བོད་ཀྱི་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱི་མ་ལག་ཆ་འཕྲིན་བསྡོམས་རྩིས་གསོ་སྦྱོང་འཛིན་གྲྭ་གཉེར་འགོ་ཚུགས་པ།

    ཉེ་ཆར། གྲོང་ཁྱེར་དང་ས་ཁུལ་ཁག་གི་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཆ་འཕྲིན་དང་བསྡོམས་རྩིས་ལས་དོན་མི་སྣ་ལྷ་སར་2017ལོའི་བོད་ལྗོངས་ཡོངས་ཀྱི་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱི་མ་ལག་ཆ་འཕྲིན་དང་བསྡོམས་རྩིས་ལས་ཀའི་གསོ་སྦྱོང་འཛིན་གྲྭར་ཞུགས་པ་རེད།

    གསོ་སྦྱོང་ནང་2017ལོ་འཁོར་གྱི་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱི་མ་ལག་ཆ་འཕྲིན་དང་བསྡོམས་རྩིས་ལས་དོན་བཀོད་སྒྲིག་བྱ་རྒྱུར་དམིགས་ཏེ་ཆ་འཕྲིན་ཐོན་ཁུངས་སྙན་འབུལ་དོ་དམ་དང་བྱ་གཞག་གི་བསྡོམས་རྩིས་དོ་དམ་གྱི་མ་ལག་གཉིས་སུ་ཕྱེ་ནས་གསོ་སྦྱོང་བྱས་པ་རེད། གསོ་སྦྱོང་ནང་སློབ་མ་ཚོས་ཆ་འཕྲིན་ཅན་འཛུགས་སྐྱོང་གི་གལ་ཆེའི་རང་བཞིན་ངོས་འཛིན་གང་ལེགས་ཐུབ་པ་བྱས་ཏེ་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱི་མ་ལག་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་མྱུར་པོ་གཏོང་བའི་དགོས་གཏུགས་ཀྱི་་བསམ་པ་ཆེ་རུ་དང་དབང་སྐྱོན་མི་སྣའི་བྱ་གཞག་གི་བསྡོམས་རྩིས་ལས་དོན་གྱི་ཆུ་ཚད་དང་སྤུས་ཚད་མཐོ་རུ་གཏོང་དགོས། འགག་སྒོ་ནན་པོ་བསྲུངས་ཏེ་བསྡོམས་རྩིས་གྲངས་གཞིའི་སྤུས་ཚད་སྔར་བས་མཐོ་རུ་གཏོང་དགོས། རིམ་ཁག་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་གཞག་བསྡོམས་རྩིས་ལས་དོན་གྱི་མཉམ་ལས་བྱ་ཤུགས་ཆེ་རུ་བཏང་ནས་དབང་སྐྱོན་མི་སྣའི་གནས་ཚུལ་ཁྱོན་ཡོངས་ནས་ཤེས་རྟོགས་དང་། དབང་སྐྱོན་མི་སྣའི་དགོས་མཁོ་དུས་ཐོག་ཏུ་གོང་ཞུ་བྱེད་པ། སྲིད་ཇུས་ཀྱི་ལག་བསྟར་ཕན་འབྲས་གནད་སྨིན་དཔྱད་དཔོག་བྱེད་པ། ཞན་ཆ་ཤེས་པ་དང་གསབ་པ། ཏང་དང་སྲིད་གཞུང་གི་སེམས་ཁྲལ་སེལ་བ་དང་དབང་སྐྱོན་མི་སྣའི་དཀའ་ངལ་སེལ་བ། དབང་སྐྱོན་མི་སྣའི་བྱ་གཞག་བསྡོམས་རྩིས་ལས་ཀ་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་ཏང་དང་སྲིད་གཞུང་ལ་དོན་དངོས་དང་མཐུན་ལ་གོ་ཆོད་པའི་གྲངས་གཞིའི་འདེགས་སྐྱོར་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།
010020070840000000000000011100001367426361