བོད་ལྗོངས།
ཤེས་དཔལ་མེ་ཏོག་སློབ་གྲྭར་རབ་ཏུ་བཞད།

   —— བོད་ལྗོངས་སློབ་ཆེན་གྱིས་ཤེས་དཔལ་སློབ་གྲྭ་གཏོད་པའི་བྱེད་སྒོའི་སྐོར་རགས་ཙམ་བཀོད་པ།

    “སློབ་གྲྭའི་དཔེ་དེབ་ཁང་དུ་དཔེ་དེབ་ལྟ་བ་དང་ལུས་རྩལ་ཐང་དུ་རྒྱུག་ཤར་གློད་པ་སོགས་ནི་བརྗེད་པར་དཀའ་བའི་སློབ་ཆེན་འཚོ་བ་རེད”ཅེས་བོད་ལྗོངས་སློབ་ཆེན་ཐོན་ནས་ལོ་གཅིག་ལྷག་ཙམ་སོང་བའི་ཝུན་ཝུན་གྱིས་མ་ཡུམ་སློབ་གྲྭའི་སྐོར་གླེང་སྐབས་དེ་ལྟར་བཤད།

    ཝུན་ཝུན་གྱི་མྱོང་ཚོར་དེ་བོད་ལྗོངས་སློབ་ཆེན་གྱིས་ཤེས་དཔལ་སློབ་གྲྭ་གཏོད་པའི་བྱེད་སྒོ་ལས་བྱུང་བ་ཞིག་རེད། སློབ་གྲྭའི་གདམས་ངག་དང་། སློབ་གྲྭའི་གླུ་གཞས། སློབ་གྲྭའི་རྟགས་མ། སློབ་གྲྭའི་དར་ཆ་བཅས་ཀྱིས་སློབ་ཆེན་ཡོངས་ཀྱི་དགེ་སློབ་ཀྱི་མོས་སེམས་དང་སྤོབས་སེམས་ཆེ་རུ་ཕྱིན་ཡོད། དེ་དང་དུས་མཚུངས་བོད་ལྗོངས་སློབ་ཆེན་གྱིས་ད་དུང་བརྙན་འཕྲིན་དྲིལ་བསྒྲགས་པར་གཞི་དང་དྲིལ་བསྒྲགས་པར་རིས《བོད་ལྗོངས་སློབ་ཆེན་གྱི་གོམ་སྟབས》སོགས་བཟོས་པ་དང《གྲགས་ཅན་དགེ་རྒན་གྱི་ཉམས་འགྱུར》སོགས་རྩོམ་སྒྲིག་པར་འདེབས་བྱས་ནས་སློབ་གྲྭའི་རིག་གནས་འཛུགས་སྐྱོང་ལ་སྔར་བས་སྐུལ་འདེད་བཏང་བ་རེད། བོད་ལྗོངས་སློབ་ཆེན་གྱི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སློབ་སྤྱི་གཞོན་པ་ལོའུ་ཡོན་པིང་གིས་ལོ་བཅུ་ཕྲག་ཁ་ཤས་ཀྱི་སློབ་གཉེར་བརྒྱུད་རིམ་ཁྲོད་སློབ་གྲྭས་ཐོག་མཐའ་བར་གསུམ་དུ་ཤེས་དཔལ་སློབ་གྲྭ་བཏོད་པ་དང་མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་སློབ་གསོ་དང་། འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་། དགེ་རྒན་དཔུང་ཁག་འཛུགས་སྐྱོང་། སློབ་གྲྭའི་ཁོར་ཡུག་འཛུགས་སྐྲུན་བཅས་དང་ཟུང་འབྲེལ་དམ་ཟབ་བྱས་པའི་ཁར་ཡུན་རིང་གི་འདུ་འགོད་ཅིག་ལ་བརྩིས་ཏེ་དམ་འཛིན་བྱས་པ་མ་ཟད། སློབ་གྲྭའི་གོམས་སྲོལ་བཟང་པོ་དང་། སློབ་སྲོལ་བཟང་པོ། དགེ་རྒན་གྱི་ཀུན་སྤྱོད་དང་གོམས་གཤིས་བཟང་པོ་བཅས་དར་སྤེལ་ཧུར་ཐག་བཏང་བ་བརྒྱུད། སློབ་མ་གསོ་སྐྱོང་གི་ཁོར་ཡུག་ལེགས་སུ་བཏང་སྟེ། བོད་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི“བློས་འགེལ་ཆོག་པ་དང་། སྤྱོད་ཐུབ་པ། སེམས་རྣལ་དུ་འབེབས་ཐུབ་པའི”བྱང་ཚད་མཐོ་ལ་སྤྱོད་གོ་ཆོད་པའི་ཤེས་ལྡན་མི་སྣ་ནུས་ཤུགས་ཡོད་རྒུས་གསོ་སྐྱོང་བྱས་ཡོད་ཅེས་ངོ་སྤྲོད་བྱས།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་སློབ་ཆེན་གྱིས་སློབ་གྲྭའི་རིག་གནས་འཛུགས་སྐྱོང་ཚོགས་ཆུང་བཙུགས་ནས་སློབ་གྲྭའི་རིག་གནས་འཆར་འགོད་དང་སློབ་གྲྭའི་རིག་གནས་སྤུས་རྟགས་བྱེད་སྒོའི་རྣམ་གྲངས་འཛུགས་སྐྲུན་ཇུས་གཞི་བཟོས་ཏེ་སློབ་གྲྭའི་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་འགན་ལེན་བྱས་ཡོད། བོད་ལྗོངས་སློབ་ཆེན་གྱི་དྲིལ་བསྒྲགས་པུའི་པུའུ་ཀྲང་ཟླ་བས་ངོ་སྤྲོད་བྱས་དོན། སློབ་གྲྭས་དཔེ་དེབ་ཁང་དང་སློབ་མའི་བྱེད་སྒོ་ལྟེ་གནས་སོགས་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་དུས་མཚུངས། སློབ་གྲྭའི་ལོ་རྒྱུས་དང་སློབ་གྲྭའི་གནས་སྟངས་སློབ་གསོར་སྔར་བས་ཤུགས་སྣོན་བརྒྱབ་ནས་སློབ་གྲྭ་འཛུགས་སྐྲུན་འཕེལ་རྒྱས་ཀྱི་གཟི་བརྗིད་ལོ་རྒྱུས་དང་སྲོལ་རྒྱུན་བཟང་པོས་མི་སེམས་གཅིག་སྒྲིལ་དང་ཧུར་བསྐྱེད་ཡར་བརྩོན་ཡོང་བར་བྱས་ཡོད། སློབ་མ་འདུ་འཛོམས་བྱ་ཡུལ་དུ་སློབ་གྲྭའི་གདམས་ངག་རྡོ་རིང་དང་། སྦྱར་ཡིག་བྱང་བུ། ཕྱོགས་སྟོན་བྱང་བུ་བཅས་བཙུགས་པ་དང་ལེགས་བཤད་གྲགས་ཅན་སོགས་བཀལ་བ་དེ་དག་ལ་ས་མཐོའི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པ་མ་ཟད། སློབ་གྲྭའི་རིག་གནས་ཀྱི་ནང་དོན་ཡང་གཏིང་ཟབ་མཚོན་པར་བྱས་ཡོད། དེ་དང་དུས་མཚུངས་སློབ་གྲྭའི་སྔོ་འགྱུར་གྱི་ཕན་འབྲས་མངོན་གསལ་དོད་པོ་ཡོད་པ་དང་སློབ་གྲྭའི་ཁོར་ཡུག་གཙང་བ་དང་། སློབ་གྲྭའི་ཟ་ཁང་གཙང་བ། བཟའ་བཅའ་སོས་ལ་གོང་ཁེ་བ་བཅས་ལས་སློབ་གྲྭའི་རིག་གནས་འཕེལ་རྒྱས་ཐད་རྨང་གཞི་བརྟན་པོ་ཞིག་གཏིངས་ཡོད།

    རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ་དང་སྦྲགས། སློབ་གྲྭས“རིག་གནས་ཀྱི་གྲགས་ཅན་མི་སྣ་སློབ་གྲྭར་གདན་འདྲེན་པ”དང“སྤྱོད་གཙང་རིག་གནས་སློབ་གྲྭར་ཁྱབ་གདལ”“ཁྱད་འཕགས་སྒྱུ་རྩལ་སློབ་གྲྭར་ཁྱབ་གདལ”སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་ཧུར་ཐག་བྱས་ནས་དགེ་སློབ་ཀྱི་བྱང་ཚད་མཐོ་རུ་བཏང་བ་རེད།

    བོད་ལྗོངས་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་པད་མ་ཚེ་རིང་གིས་སློབ་གྲྭས་རང་འགུལ་ངང་དྲ་རྒྱའི་གཡུལ་ས་བཟུང་ནས་དུས་ཐོག་ཏུ་སློབ་གྲྭའི་དྲ་རྒྱ་འཛུགས་སྐྱོང་དོ་དམ་སྒྲིག་གཞི་བཟོས་ནས་འབྲེལ་ཡོད་བྱ་ཐབས་བཏོན་པ་དང་དྲ་ཚིགས་དོ་དམ་དང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཡོད། དེ་དང་དུས་མཚུངས།《བོད་ལྗོངས་སློབ་ཆེན་གྱི“སྐད་འཕྲིན་གཉིས་དང་དུད་སྣེ་གཅིག”གི་སྙན་ཐོ་འགོད་པའི་ལམ་ལུགས》བཟོས་པ་དང་དགེ་སློབ་རང་ཉིད་ཀྱི་སྨྱན་སྦྱོར་ཚད་ལྡན་དུ་བཏང་བ་མ་ཟད། གླེང་ཕྱོགས་ཀྱི་ཁྲིད་སྟོན་ཡང་ཡག་པོ་བྱས་ཡོད།

    བྱེད་སྒོ་སྤེལ་ཡུལ་ཧུར་ཐག་གཏོད་པ་དང་དུས་མཚུངས། བོད་ལྗོངས་སློབ་ཆེན་གྱིས་དགེ་སློབ་སྒྲིག་འཛུགས་བྱས་ནས་བརྗོད་དོན་གཙོ་བོ་ཁ་གསལ་བ་དང་། སྣེ་ཁྲིད་ཀྱི་ནུས་པ་ལེགས་པ། སློབ་མས་དགའ་པོ་བྱེད་པའི་སློབ་གྲྭའི་རིག་གནས་ཀྱི་བྱེད་སྒོ་ཁག་གཅིག་སྤེལ་བས་མི་སྣ་གསོ་སྐྱོང་གི་ནུས་པ་ཆེ་རུ་ཕྱིན་ཡོད། གཞན་ཡང་། 《བོད་ལྗོངས་སློབ་ཆེན་གྱི་སློབ་མའི་ཚོགས་པ་སྒྲིག་འཛུགས་དོ་དམ་སྲོལ་ཡིག》དང་དེ་བཞིན་འབྲེལ་ཡོད་ཡིག་ཆ་བཏོན་ནས་སློབ་གྲྭའི་ཚོགས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་དང་སློབ་མས་རིག་རྩལ་བྱེད་སྒོ་སྣ་ཚོགས་སྤེལ་བར་སྣེ་ཁྲིད་དེ་སློབ་གྲྭའི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་བཏང་བ་རེད།   

འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།
010020070840000000000000011100001297794501