བོད་ལྗོངས།
ཆེ་དགྲ་ལྷས་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

མ་འཇོག་དང་མ་རྩ་བསྡུ་སྒྲིལ་གྱི་སྒྲིག་གཞི་དང་གོ་མིང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་མ་ཟིན་སོགས་ལ་ཞིབ་འཇུག་དང་གྲོས་བསྡུར་བྱས་པ།

    ཟླ་1ཚེས་3ཉིན་གནས་ཚུལ་འབྱོར་གསལ། ཚེས་3ཉིན་གྱི་སྔ་དྲོ་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་མ་འཇོག་དང་མ་རྩ་བསྡུ་སྒྲིལ་སྒྲིག་གཞི་སྒྱུར་བཅོས་དང་གོ་མིང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་མ་ཟིན་ལ་ཞིབ་འཇུག་དང་གྲོས་བསྡུར་གནང་སྟེ་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྒྲིག་སྲོལ་དང་ཚད་ལྡན་ཡིག་ཆ་སོགས་ཞིབ་བཤེར་ཐག་གཅོད་དང་མེད་པར་བཟོས་པ་རེད།

    ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དཔལ་འབྱོར་གྱི་དགོངས་པར་གོ་བ་གཏིང་ཟབ་བླངས་ནས་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་། བྱེད་ཐབས་ཞིབ་ཕྲ་བཟོས་ཏེ་ཞན་ཆ་གསབ་པ་དང་། ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་སྲིད་གཞུང་གི་ནུས་པ་སྔར་བས་འདོན་སྤེལ་ཡག་པོ་བྱས་ནས་རིགས་ཁག་གི་མ་འཇོག་བྱེད་པོའི་ཡིད་ཆེས་ཆེ་རུ་གཏོང་བ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་དང་ཤེས་ལྡན་མི་སྣར་བརྟེན་ནས་བོད་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་ནས་ཤེས་ལྡན་མི་སྣ་འཚར་ལོངས་ཡོང་བའི་ཆོས་ཉིད་ལ་བརྩི་སྲུང་ཞུ་བ། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཆབ་སྲིད་ཀྱི་ཚད་གཞི་དང་ལག་ལེན་རང་བཞིན་དང་ཆ་ཚང་རང་བཞིན་མངོན་གསལ་དོད་དུ་གཏོང་བ། ཕན་འབྲས་ཆེ་རུ་བཏང་ནས་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། སྔར་བས་ཚན་རིག་དང་མཐུན་པ་དང་། ལུགས་དང་མཐུན་པ། གནད་ལ་འཁེལ་བ་བཅས་ཀྱི་ཤེས་ལྡན་མི་སྣའི་སྲིད་ཇུས་དང་སྔར་བས་ལེགས་པའི་ལས་སྟེགས་ལ་བརྟེན་ནས་རིགས་ཁག་གི་ཤེས་ལྡན་མི་སྣས་མང་ཚོགས་ལ་ཕན་འདོགས་རྒྱུར་ཁྲིད་སྟོན་བྱེད་དགོས་ཞེས་བསྟན་པ་རེད།

    ཚོགས་འདུའི་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་མ་ཟིན་འགོད་པའི་ལས་ཀའི་གསལ་བཤད་ཉན་པ་རེད། ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་།  སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་སོགས་ཀྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་། བོད་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། བོད་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ཏེ་སྙན་སྒྲོན་གྱི་ཕྱོགས་ཚང་མར་ལག་བསྟར་དོན་འཁྱོལ་བྱེད་དགོས། ཏང་གིས་ཕྱོགས་ཡོངས་ཀྱི་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་དང་། བརྟན་ཐོག་ཡར་འཕེལ་དང་། འཕེལ་ཐོག་ལེགས་བརྩོན། ཞན་ཆ་གསབ་པ་བཅས་ཀྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བཅས་བྱས་ཏེ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་འགྱུར་ལྡོག་འགྲོ་བར་དམ་པོར་དམིགས་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཙོ་རྐང་དུ་བརྩི་བ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡག་པོ་གཞི་རྩའི་བྱེད་ཐབས་སུ་བརྩི་བ། ཕྱོགས་གསུམ་ཐད་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པའི་བཀོད་སྒྲིག་གལ་ཆེན་འཕྱུགས་མེད་ངང་ཁོང་དུ་ཆུད་པ་བཅས་བྱས་ཏེ་སླད་ཕྱིན་ལོ་ལྔའི་རིང་གི་སྲིད་གཞུང་གི་ལས་དོན་ལ་འཆར་འགོད་སྔར་བས་ཡག་པོ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    ཚོགས་འདུའི་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་སྣོད་བཅུད་ཤེས་དཔལ་གྱི་ལྟ་བ་བརྟན་པོ་འཛུགས་པ་དང་། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་སྲ་བརྟན་དུ་གཏོང་རྒྱུ་དམིགས་ཚད་དུ་འཛིན་པ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་སྣོད་བཅུད་ཀྱི་དམར་ཐིག་དང་མཐའ་ཚད་བརྟན་པོ་སྲུང་པ་དང་། སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ། གངས་འཁྱག་གིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ནུས་ཤུགས་ཡོད་རྒུས་ལག་ལེན་བསྟར་ཏེ་བློ་བརྟན་འགྱུར་མེད་ངང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། འབྲེལ་ཡོད་སྡེ་ཚན་ཁག་གིས་རང་ལྗོངས་ཀྱི་ལྗང་མདོག་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པའི་གནད་དོན་ལ་ཞིབ་འཇུག་ནན་ཏན་བྱས་ཏེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ལས་དོན་ཐད་བོད་ལ་དམིགས་བསལ་གང་ཡང་མེད་པའི་བླང་བྱར་བརྟེན་ནས་བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བ་དང་། འཛམ་གླིང་གི་དག་ཞིང་མཐའ་མར་སྲུང་སྐྱོང་ཡག་པོ་བྱས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་དགོས་པའི་ནན་བཤད་བྱས་པ་རེད།

    ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བླང་བྱ་གཞིར་བཟུང་། བོད་རང་སྐྱོང་ལྗོངས་ཀྱིས“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འབྲེལ་བ་ཡོད་པ་དང་དེ་བཞིན་སྲིད་གཞུང་གི་སྒྲིག་སྲོལ་དང་ཚད་ལྡན་ཡིག་ཆ་གཞན་293མེད་པར་བཟོས་པ་རེད། ཚོགས་འདུའི་ཐོག“འདུ་ཤེས་བཞི”བརྟན་པོར་བཙུགས་ནས“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་སྟེ་ཚོགས་འདུ་དང་ཡིག་ཆ་སྟབས་བསྡུས་ཀྱིས་ལས་ཕྱོད་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།  

འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།
010020070840000000000000011100001297838041