བོད་ལྗོངས།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ཨུད་ཀྱིས་ཀྲུའུ་རེན་ཚོགས་འདུ་ཐེངས་126པ་འཚོགས་པ།

   བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ།

    ཉེ་ཆར། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ཨུད་ཀྱིས་ཀྲུའུ་རེན་ཚོགས་འདུ་ཐེངས་126པ་འཚོགས་ཤིང་། ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ཨུད་ཀྱི་ཚོགས་འདུ་ཐེངས་སོ་བརྒྱད་པ་ཟླ་དང་པོའི་ཟླ་དཀྱིལ་དུ་ལྷ་སར་འཚོག་རྒྱུའི་གཏན་འབེབས་བྱས་པ་རེད།

    བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་གཞོན་པ་རྡོ་ཐོགས་དང་། ཀྲོའུ་ཁྲུན་ལའེ། བསྟན་འཛིན་རྣམ་རྒྱལ་སོགས་ཚོགས་འདུར་ཕེབས་ཡོད་པ་རེད།

    ཀྲུའུ་རེན་ཚོགས་འདུའི་ཐོག་གྲོས་འགོ་བཏོན་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ཨུད་ཀྱི་ཚོགས་འདུ་ཐེངས་སོ་བརྒྱད་པའི་གྲོས་རིམ་གཙོ་བོའི་གྲས་སུ《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན(མ་ཟིན)》ལ་གྲོས་ཞིབ་བྱ་རྒྱུ་དང་། 《ནག་ཆུ་གྲོང་ཁྱེར་གྱི་སྐབས་དང་པོའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་དང་པོའི་གྲ་སྒྲིག་ཚོགས་ཆུང་འཛུགས་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས(འཆར་ཟིན)》གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུའི་གྲོས་གཞི་དང《ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་སྐབས་དང་པོའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་དང་པོ་འཚོག་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས(འཆར་ཟིན)》གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞིར་གྲོས་ཞིབ་བྱ་རྒྱུ།

    《བོད་རང་སྐྱོང་ལྗོངས་ཀྱི་རླུང་ཁམས་ཆེན་པོའི་སྦགས་བཙོག་དང་ཆུའི་སྦགས་བཙོག་གི་སྤྱོད་གོ་ཆོད་པའི་ཁྲལ་འབབ་ཀྱི་གཏན་འབེབས(འཆར་ཟིན)》གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གྲོས་གཞི་དང་བོད་རང་སྐྱོང་ལྗོངས་ཀྱི་2016ལོའི་ལོ་འཁོར་གྱི་རིམ་པ་དེ་གའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་ཀྱི་གཏོང་ཡོང་གཞན་ལ་རྩིས་བཤེར་བྱས་ནས་རྩད་གཅོད་ཐུབ་པའི་གནད་དོན་དག་ཐེར་དང་དོན་འཁྱོལ་བྱ་ཚུལ་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་སྒྲོན་ལ་གྲོས་ཞིབ་བྱ་རྒྱུ། འཐུས་མི་འགའི་འཐུས་མིའི་ཐོབ་ཐང་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་སོགས་ལ་གྲོས་ཞིབ་བྱ་རྒྱུ་བཅས་ཚུད་ཡོད་པ་རེད།

    ཚོགས་འདུའི་ཐོག བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ལས་དོན་སྙན་སྒྲོན(མ་ཟིན)ལ་ཞིབ་འཇུག་བྱས་པ་རེད།

    ཚོགས་འདུའི་ཐོག ཆེད་དོན་ལས་དོན་ཨུ་ཡོན་ལྷན་ཁང་ཁག་གི་ལས་ཀའི་ཕྱོགས་སྡོམ་དང་2018ལོའི་ལས་ཀའི་གཙོ་གནད་གསན་པ་རེད།

    ཚོགས་འདུའི་ཐོག 《བོད་རང་སྐྱོང་ལྗོངས་ཀྱི་རླུང་ཁམས་ཆེན་པོའི་སྦགས་བཙོག་དང་ཆུའི་སྦགས་བཙོག་གི་སྤྱོད་གོ་ཆོད་པའི་ཁྲལ་འབབ་ཀྱི་གཏན་འབེབས(འཆར་ཟིན)》སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཞིབ་བསམ་འཆར་དང་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་ལྔ་པའི་འཐུས་མིའི་གྲོས་གཞིར་གྲོས་ཞིབ་བྱས་འབྲས་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་མི་རིགས་ཆོས་ལུགས་དང་ཕྱི་དོན་ལས་དོན་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་གསན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་བརྒྱད་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་མོས་མཐུན་ཡང་བྱས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་ནན་བཤད་གནང་དོན། མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོ་འཚོག་ལ་ཉེ་བས། ངེས་པར་དུ་ཚོགས་འདུའི་གྲ་སྒྲིག་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས་པ་སྟེ། གཅིག་ནས་སྟོབས་ཤུགས་སྤྱི་འདོམས་ཡག་པོ་བྱེད་དགོས་ཤིང་། ཞིབ་ཕྲའི་ལས་ཀའི་ཇུས་གཞི་བཟོ་བ་དང་ལས་འགན་རིམ་བཞིན་ཁག་དབྱེ་ནས“ལས་འགན་དང་། མི་སྣ། དུས་ཚོད། འགན་འཁྲི”བཅས་བཞི་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བ་བྱེད་དགོས་པ་དང་། གཉིས་ནས་ལས་འགན་སྦྲེལ་མཐུད་ཡག་པོ་བྱེད་དགོས་ཤིང་། འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། རང་འགུལ་ངང་འབྲེལ་གཏུག་བྱེད་པ། གཞོགས་འདེགས་དམ་ཟབ་བྱེད་པ་བཅས་བྱས་ནས་ལྷུ་ཚིགས་ཁག་གི་ལས་དོན་ལ་ཕྱོགས་ཡོངས་ནས་བསམ་གཞིག་བྱས་ཏེ་སྤྱི་ཡོངས་ཀྱི་ལེགས་ཆ་འདོན་སྤེལ་ཡག་པོ་བྱེད་དགོས་པ། གསུམ་ནས་གནད་དོན་ཞིབ་ཕྲར་སྦྲེལ་མཐུད་ཡག་པོ་བྱེད་དགོས་ཤིང་། ལས་ཀའི་མ་འོངས་སྔོན་མཐོང་རང་བཞིན་ཆེ་རུ་བཏང་སྟེ་གོང་འོག་མཉམ་འགུལ་དང་། གཡས་གཡོན་ཤར་གཏོང་། ནུས་ལྡན་རོགས་ལས་བཅས་བྱེད་པ་དང་། ད་རེས་ཀྱི་འཐུས་མིའི་ཚོགས་ཆེན་གྱི་སྒྲིག་འཛུགས་ཆུ་ཚད་དང་། ཞབས་ཞུའི་ཆུ་ཚད། ཕན་འབྲས་དངོས་བཅས་མཐོ་རུ་ནུས་ལྡན་བཏང་ནས་ཏང་ཨུད་ཐུགས་བློ་བདེ་པོ་དང་། འཐུས་མི་བློ་ཡིད་ཚིམ་པོ། མི་དམངས་མང་ཚོགས་བློ་ཡིད་ཚིམ་པོ་བཅས་ཏན་ཏིག་ཡོང་བ་བྱེད་དགོས། 

འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།
010020070840000000000000011100001368817591