བོད་ལྗོངས།
མཛེས་སྡུག་ལྡན་པའི་འཚོ་བ་མཉམ་དུ་གཏོད་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ།

   —— ཆབ་མདོ་གྲོང་ཁྱེར་གྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་སྐོར་གྱི་སྒྲིལ་གླེང་།

    2017ལོའི་ཟླ་བ་གསུམ་པ་ནས་བཟུང་། བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བ་དང་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་སྒྲིལ་གྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་དེ་ཡངས་པའི་གཙང་གསུམ་ས་གཞི་ཆེ་མོར་ཁྱབ་ནས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཐེངས་ཁྲི་5.3དང་། ལག་ལེན་བྱེད་སྒོ་ཐེངས་ཁྲི་1.5ལྷག་ཙམ། ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་སྣ་ཚོགས་ཐེངས་979བཅས་སྤེལ་ནས། གནད་དོན་436ཤེས་རྟོགས་བྱུང་བ་དང་དཀའ་ངལ་150ཐག་གཅོད་བྱས་ཡོད་པ་རེད།

    ལམ་སྲོལ་གསར་གཏོད་ཀྱིས་དོ་དམ་བྱེད་ཤུགས་ཆེ་རུ་བཏང་།

    ཆབ་མདོ་གྲོང་ཁྱེར་གྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན། སྒྲིག་སྲོལ་ལམ་ལུགས་འཛུགས་པ་དང་སློབ་གསོ་དང་སྒྲོག་འགྲེལ། ལག་ལེན། དྲིལ་བསྒྲགས་བཅས་བྱེད་སྒོའི་ལྷུ་ཚིགས་བཞིར་དམ་པོར་དམིགས་ནས“ལམ་སྲོལ་བཞི”འཛུགས་པ་དང་། “བལྟ་བ་བརྒྱད”ཀྱི་རྩ་དོན་གཏན་འཁེལ། “སྣེ་ཁྲིད་གསུམ”གྱི་ལས་ཀའི་བྱེད་ཐབས་མཐའ་འཁྱོངས། གོང་རིམ་དུ་འཐབ་ཇུས་ཞིབ་ཚགས་འགོད་པ། གཤམ་འོག་ཏུ་དོན་འཁྱོལ་ཏན་ཏིག་ཐུབ་པ་བཅས་བྱས་ནས“དམ་འཛིན་གསུམ་དང་དམིགས་སར་འབྱོར་བ་གསུམ”བྱེད་ཐུབ་པ་བྱས་པ་དང་ཆབས་ཅིག “རིགས་གསུམ”གྱི་ལྟ་སྐུལ་མཛུབ་ཁྲིད་བྱ་ཐབས་སྤྱད་དེ་བྱེད་སྒོར“དེ་བས་བཅུའི”ཕན་འབྲས་ཐོན་རྒྱུ་འགན་ལེན་བྱས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་རྨང་གཞི་བརྟན་པོ་བཏིང་བ་རེད།

    གྲངས་གཞི་ཅན་གྱི་ལམ་སྲོལ་གྱི་ཁྲིད་སྟོན་འོག་2017ལོའི་ཟླ་4ཚེས་20ཉིན་བར། གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)11དང་། ཤང(གྲོང་རྡལ)138 གྲོང་ཚོ(གྲོང་ལྷན)1142 སློབ་གྲྭ་606དང་དགོན་སྡེ་ཡོངས་བཅས་ལ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་སྐུལ་སློང་ཚོགས་འདུ་དང་འགོ་ཚུགས་མཛད་སྒོ་འཚོགས་པ་སོགས་འབྲེལ་ཡོད་ལས་དོན་སྤེལ་བ་རེད།

    དེ་དང་ཆབས་ཅིག་རིམ་པ་ཁག་དང་ཚན་པ་ཁག་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་ཁྲོད་ཀྱི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་གྲོང་སྲོལ་དམངས་ཆིངས་དང་། སློབ་མའི་སྲུང་བྱ། དགོན་པའི་སྒྲིག་སྲོལ། ཁེ་ལས་ཀྱི་ཚད་གཞི་བཅས་ནང་ཁ་གསབ་བྱས་ཡོད། འབྲེལ་ཡོད་ལམ་ལུགས་1626འཐུས་སྒོ་ཚང་དུ་བཏང་བའི་ནང་ཞིང་འབྲོག་མང་ཚོགས་དང་འབྲེལ་བ་ཡོད་པའི་ནང་དོན་1031དང་། གཞོན་ནུ་ལོ་ཆུང་གི་སློབ་མ་དང་འབྲེལ་བ་ཡོད་པའི་ནང་དོན་194 དགོན་སྡེའི་གྲྭ་བཙུན་དང་འབྲེལ་བ་ཡོད་པའི་ནང་དོན་364 ཁེ་ལས་ཀྱི་ལས་བཟོ་དང་འབྲེལ་བ་ཡོད་པའི་ནང་དོན་37བཅས་ཡོད་པ་རེད།

    བྱེད་ཐབས་གསར་གཏོད་ཀྱིས་དངོས་ཕན་དོན་གཉེར་བྱས།

    ཁ་རུབ་ཆུས་ཀྱིས་སློབ་གྲྭ་ཁག་ཏུ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སློབ་མའི་སྒྲོག་འགྲེལ་པ་འདེམས་པའི་བྱེད་སྒོ་སྤེལ་བ་དང་གཞོན་ནུ་ལོ་ཆུང་སློབ་མའི་སྒྲོག་འགྲེལ་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཤང(གྲོང་རྡལ)ཁག་དང་གྲོང་ཚོ་དང་ཚོགས་ཆུང་ཁག་གིས་མཐུན་སྒྲིལ་ལ་སྣང་ཆེན་དང་ཁྱིམ་ཚང་ཚང་མས་མེས་རྒྱལ་ལ་དགའ་ཞེན་ཐུབ་པ་བྱས་པ་རེད།

    ལྷོ་རོང་རྫོང་རྫི་ཐོ་གྲོང་རྡལ་ནས་ཡག་གྲོང་ཚོར“ཚང་མས་ཁོར་ཡུག་སྲུང་སྐྱོང་ནང་ཞུགས་ནས་ཤེས་དཔལ་གྲོང་ཚོ་དང་གྲོང་ལྷན་མཉམ་དུ་གཏོད་པའི”ཁོར་ཡུག་འཕྲོད་བསྟེན་གྱི་བྱེད་སྒོ་སྤེལ་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞི”ལག་བསྟར་བྱས་པ་རེད།

    འགོ་འཇོ་རྫོང་གི་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱི་དབང་མིན་པའི་ལམ་ལུགས་ཁེ་ལས་ཀྱི་ཚོགས་མི་སྒྲིག་འཛུགས་བྱས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྒྲོག་འགྲེལ་བྱས་ཏེ་སྤྱི་དབང་མིན་པའི་ལམ་ལུགས་ཁེ་ལས་ཀྱི་འགན་འཁུར་བས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”དགོངས་དོན་གྱི་ངོ་བོ་རྟོགས་ཐུབ་པ་བྱས་པ་རེད།

    སྟེང་ཆེན་རྫོང་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ནས་དགོན་སྡེར་སྨན་སྤྲོད་པ་དང་། སྨན་བཅོས་བྱེད་པ། བདེ་ཐང་གི་ཤེས་བྱ་དྲིལ་བསྒྲགས་བཅས་བྱས་པ་རེད།

    གཞན་ཡང་། ཆབ་མདོ་གྲོང་ཁྱེར་གྱིས“སྐར་ལྔའི་དར་དམར་འཛུགས་པ། ‘གཙོ་འཛིན་གྱི་སྐུ་པར’འགེལ་བ། རླུང་འཕྲིན་ཉན་པ། ཏང་གི་ཚགས་པར་དང་དུས་དེབ་ཀློག་པ། རྒྱལ་གཅེས་ཀྱི་གླུ་གཞས་གཏོང་བ། རྒྱལ་གཅེས་ཀྱི་གློག་བརྙན་ལྟ་བ། འཕོ་འགྱུར་གླེང་བ། ཏང་གི་བཀའ་དྲིན་ཚོར་བ། མཛེས་སྡུག་ལྡན་པའི་ཆབ་མདོ་བསྐྲུན་པ་བཅས་ཀྱི་བྱེད་སྒོ་སྤེལ་བ་རེད།

    རྣམ་པ་ཧུར་ཐག་གཏོད་ནས་གནས་དང་ཁྱོན་ཟུང་འབྲེལ་བྱས།

    གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སློབ་སྦྱོང་སྒྲོག་འགྲེལ་གྱི་རྣམ་པ་ཟབ་མོ་གཏོད་ཆེད། ཆབ་མདོ་གྲོང་ཁྱེར་གྱིས་གནས་ལ་དམིགས་པ་དང་ཁྱོན་ལ་གཞི་ཚུགས་ནས་རིམ་པ་ཁག་དང་རིགས་ཁག་གི་སྨྱན་སྦྱོར་གྱིས་ཆེད་སྒྲིག་ལེ་ཚན་དང་ཆེད་སྒྲིག་པར་ངོས་བཏོན་པ་དང་འཕྲེད་འགེལ་སྦྱར་ཡིག་འགེལ་བ་བཅས་ཀྱི་བྱེད་ཐབས་ཀྱི་ཐོག་ནས་དྲིལ་བསྒྲགས་ཀྱི་རྣམ་པ་འཁྲུག་ཏུ་བཏང་བ་སྟེ། རིམ་པ་མི་འདྲ་བ་དང་ཟུར་ཚད་མི་འདྲ་བའི་ཐོག་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞི”མང་ཚོགས་ཁྲོད་དྲིལ་བསྒྲགས་བྱས་པ་རེད།

    བྱེད་སྒོ་སྤེལ་ཚུན། གྲོང་ཁྱེར་དེས་ཁྱོན“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”རིགས་ཁག་གི་གསར་འགྱུར་7269སྤེལ་བ་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྦྱར་ཡིག་5928བཀལ་བ། བརྡ་ཆ་དང་འགྲེམས་པང་ཆེ་གྲས་664བཟོས་པ། རིགས་ཁག་གི་དྲིལ་བསྒྲགས་སྒྲོམ་སྟེགས་37624བཟོས་པ། LEPབརྙན་ཤེལ605བཟོས་པ། གསལ་བརྡ་ཁྲི་42སྦྱར་བ། དྲིལ་བསྒྲགས་དཔྱད་ཡིག་ཁྲི་50ལྷག་ཙམ་བཀྲམ་པ་བཅས་བྱས་པ་རེད། 

འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།
010020070840000000000000011100001368853891