རི་ཚོགས་ཀྱིས་བསྐོར་བའི་གྲོག་རོང་དུ་ཟམ་ཆེན་གསུམ་སྐས་རིམ་བཞིན་རྦ་རླབས་དྲག་ཏུ་འཕྱུར་བའི་ཡིད་འོང་གཙང་པོ་སྒྲོལ་བའི་ཐང་སྨད་ལམ་དུམ་དུ་བསྐྲུན་ནས་ཁྲོན་བོད་ལམ་ཐིག་གི་ཡུལ་ལྗོངས་མཛེས་པོ་ཞིག་ཏུ་གྱུར་པ་དང་། ཕར་འགྲོ་ཚུར་འོང་གིཡུལ་སྐོར་བ་མང་པོས་དྲན་རྟེན་པར་ལེན་གྱི་ཡོད།
《གྱིམ་ཤིང་ཀོང་ཇོ》མུ་མཐུད་འཁྲབ་སྟོན་བྱས་ནས་བོད་ཀྱི་དགུན་དུས་ཡུལ་སྐོར་ལ་རམ་འདེགས་བྱེད་རྒྱུ་ཡིན་པ།
བོད་ལྗོངས་ཐང་གའི་སྒྱུ་རྩལ་དངོས་མང་སྟོན་ཚོཌ་སྐབས་དགུ་པ་ཚེས་ཉིན་ཤས་གོང་ལྷ་སར་མཇུག་འགྲིལ་བ་རེད། ད་ཐེངས་ཀྱི་བྱེད་སྒོའི་ནང་ལྷ་འབྲི་བ་མཁས་ཅན་42རིམ་པའི་ནང་ཚུད་པ་དེ་ནི་སྐབས་རིམ་བྱུང་གི་རིམ་ཚུད་ལྷ་འབྲི་བ་མཁས་ཅན་དཔྱད་འདེམས་མི་གྲངས་མང་ཤོས་ཡིན་པ་རེད། མིག་སྔ་བར། བོད་ཀྱི་རིམ་ཚུད་ལྷ་འབྲི་བ་མཁས་ཅན་147ཡོད་པ་རེད།
ཟླ་9ཚེས་4ཉིན་གྱི་སྔ་དྲོ། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་བོད་ལྗོངས་གཞིས་རྩེར་འཚོགས་པའི《ཀྲུང་ཧྭའི་རིག་མཛོད་ཆེ་མོ་བོད་ཡིག་བམ་པོ》ལས《པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ》གྱི་པར་ཕུད་འགྲེམས་སྤེལ་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་བསྒྲོན་པ་རེད།
གསར་འགོད་པས་བོད་རང་སྐྱོང་ལྗོངས་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱས་པར། 2018ལོ་ཚུན་དུ། བོད་ཀྱིས་གསར་ཐོན་ཐ་སྙད་བཀས་བཅད་1500ལྷག་ཙམ་གསར་སྣོན་བྱས་པ་དེའི་ནང“སློབ་སྦྱོང་སྟོབས་ཆེན་རྒྱལ་ཁབ”དང“བྲེལ་རྒྱུག་པའི་རིགས”“སྙིང་གཟུགས”སོགས་རྒྱ་སྐད་ནང་ཐོན་པའི་ཐ་སྙད་དེ་དག་བོད་སྐད་ཐད་ཀྱང་ཚད་ལྡན་བྱུང་ཡོད།